འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མཐའ་མཚམས་གྲོང་ཚོའི་དབུལ་སྒྲོལ་འདེགས་སྐྱོར་ཤུགས་ཆེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་བརྙན་འཕྲིན་དྲ་བ་ནས་སྤེལ་བའི་གནས་ཚུལ་ལྟར་ན། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་མདུན་གྲལ་དུ་གནས་པས། རིང་ཚད་སྤྱི་ལེ་4000ལྷག་ཙམ་གྱི་མཐའ་མཚམས་སུ་མཐའ་མཚམས་གྲོང་ཚོ་628ཡོད། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པ་བརྒྱུད། བོད་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་མཐའ་མཚམས་གྲོང་ཚོའི་དབུལ་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་བཏང་བ་རེད།
         ཉེ་ཆར། མཚོ་སྣ་རྫོང་སླད་ཤང་གི་ས་མཐོའི་རི་ཇ་སྨིན་ནས་མོན་པས་ཇ་ལོ་ཉི་སྐམ་གཏོང་བཞིན་ཡོད། ཤང་དེའི་ལྷོ་རྒྱ་གར་དང་སྦྲེལ་ཞིང་། དེ་གར་ས་མཐོའི་ཇའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་2016ལོའི་གོང་དེ་གར་གློག་ཁྲིད་མེད་ལ་ལམ་ཡང་ཤར་གཏོང་ཐུབ་མེད་སྟབས། ཐོན་ཁུངས་འབེལ་ཡང་མང་ཚོགས་ཀྱི་འཚོ་བ་སྔར་བཞིན་སྐྱོ་པོ་ཡོད།
         2016ལོར་བོད་ལྗོངས་ཀྱིས་སྒོར་དུང་ཕྱུར་1ལྷག་བཏང་ནས་དུད་ཚང་100ཡང་མེད་པའི་ཤང་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དེ་བོད་ཀྱིས་ལྗོངས་ཡོངས་སུ་མཐའ་མཚམས་དཔེ་སྟོན་གྲོང་ཚོ་སྐྲུན་པའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་པ་ལས་ཕན་པ་ཐོབ་པ་ཞིག་རེད།
         2017ལོར་སླད་ཤང་ལ་གློག་དང་ལམ་ཤར་གཏོང་ཐུབ་པའི་ཁར། བོད་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་འཆར་འགོད་གསར་པར་གཞིགས་ནས་སླད་ཤང་གིས་ཇ་འདེབས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས“རྟེན་གཞི་+ཞིང་དུད་+མཐུན་ཚོགས”ཀྱི་རྣམ་པ་བརྒྱུད་ཐོན་སྐྱེད་དང་། མཁོ་སྤྲོད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་བསྡུས་པའི་གཉེར་སྐྱོང་མངོན་འགྱུར་བྱུང་ཞིང་། དེ་ལ་བརྟེན་ནས་དེ་གའི་མང་ཚོགས་ཀྱིས་ཇ་འདེབས་ཀྱི་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། འབབ་འཕར་ཡང་བྱུང་ཡོད།
         ཚོགས་ཆེན་བཅུ་དགུ་པའི་རྗེས། བོད་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ནས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་མཐུན་རྐྱེན་ལེགས་སུ་བཏང་བས་སྔོན་རྩིས་བྱས་ན། 2020ལོར་སླེབས་སྐབས་བོད་ལྗོངས་ཀྱི་མཐའ་མཚམས་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་རྒྱུ་དང་། ཐོན་ལས་ཀྱིས་སྣེ་ཁྲིད་དང་སྲིད་ཇུས་ཀྱིས་འདེགས་སྐྱོར་བྱས་པ་བརྒྱུད། 2020ལོར་སླེབས་སྐབས་མཐའ་མཚམས་མི་སེར་ལ་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ད་ཡོད་ལས་ལྡབ་གཅིག་འཕར་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།