འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་འགྲུལ་པ་མི་ཐེངས་དུང་
    ཕྱུར་1.33ལ་སྣེ་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་འཁོར་སྐྱོད་གནས་ཚུལ་བརྟན་པ་དང་། འདོན་སྤྲོད་འདང་ངེས་ཡོད་པ། བཀྲ་ཤིས་འཆམ་མཐུན་གྱི་རྣམ་པས་ཁེངས་ཤིང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་གྲངས་གཞི་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚོད་རྩིས་བྱས་པ་ལྟར་ན། གནམ་ལོ་གསར་ཚེས་རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.33ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.08%མང་དུ་སོང་བ་དང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་755ཟིན་པ་དེ་དུས་མཚུངས་ལས་11.22%འཕར་ཡོད་པ་རེད།
         ཡུལ་སྐོར་ཁྲོམ་ར་ཟམ་མི་ཆད་པར་འཁྲུག་ཏུ་སོང་བ་དང་། ས་གནས་ཁག་གི་ཡུལ་སྐོར་བ་ཕྱིར་སྐྱོད་སྐབས་ཕལ་ཆེ་བ་ཐག་ཉེ་འབྲིང་དུ་བསྐྱོད་པ་གཙོ་བོ་ཡིན་ཏེ། དེའང་གྲོང་ཁྱེར་གྱི་ཉེ་འཁོར་ལ་སྐྱོད་པ་དང་། གྲོང་འདབས་སུ་སོས་དལ་བག་ཕེབས་ལ་སྐྱོད་པ། གྲོང་གསེབ་ལ་མྱོང་རོལ་བྱེད་པར་སྐྱོད་པ་སོགས་ཡིན་པ་དང་རང་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་མཁན་ཧ་ཅང་མང་པོ་ཡོད་པ་རེད། ཡུལ་གང་དུ་འགྲོ་ཚུལ་ནས་བལྟས་ཚེ། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རར་ལྷོ་པ་བྱང་དུ་བསྐྱོད་པ་དང་བྱང་པ་ལྷོར་བསྐྱོད་པའི་རྣམ་པ་མངོན་གསལ་དོད་ལ་ཕལ་ཆེ་བ་གངས་འཁྱགས་ཡུལ་སྐོར་དང་། ཆུ་ཚན་བརྒལ་བ། གྲང་གཡོལ་བྱེད་པ་སོགས་ཀྱི་ཡུལ་སྐོར་གཙོ་བོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།