འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་རྫས་རྟོག་ཞིབ་ལས་ལོ་ངོ་2000གོང་གི་བོད་ཤར་རྒྱུད་དང་སི་ཁྲོན་ནུབ་རྒྱུད་ཀྱི་
    མེས་པོ་འགྲོ་འོང་ཟབ་མོ་ཡོད་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འོད་ཟེར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་རིག་དངོས་གནའ་རྫས་རྟོག་ཞིབ་སྡེ་ཚན་ལ་མི་རིང་བའི་གོང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ནས་ལོ་ངོ་2000ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་གཡམ་གྱི་བང་སོ་མང་པོ་ཞིག་རྙེད་པ་དང་། དེའི་རིག་གནས་ཀྱི་རྣམ་པར་ས་གནས་ཀྱི་ཁྱད་ཆོས་ཧ་ཅང་ཟབ་མོ་ལྡན་པ་མ་ཟད། ད་དུང་སི་ཁྲོན་ནུབ་རྒྱུད་ས་མཐོའི་གདོང་སྣ་གཙང་པོ་དང་ཉག་ཆུ་སོགས་རྒྱུག་ཁུལ་གྱི་རྡོ་གཡམ་བང་སོ་འཕྲོས་ལུས་དབར་འདྲ་བའི་ཆ་དང་གཅིག་མཚུངས་ཀྱི་ཆ་མངོན་གསལ་དོད་པོ་ཡོད་པ་རེད།
         “རྡོ་གཡམ་བང་སོ་རྙེད་པ་དེ་ལས་ལོ་ངོ་2000སྔ་རྗེས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ར་སྤྲོད་བྱུང་བ་དང་། བོད་ཤར་རྒྱུད་ཀྱི་མེས་པོ་དང་སི་ཁྲོན་ནུབ་རྒྱུད་ས་མཐོའི་ས་ཁོངས་མང་པོའི་དབར་འབྲེལ་གཏུག་དང་འགྲོ་འོང་ཡོད་པ་མངོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲེང་ཙུའུ་ཅུན་གྱིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།