འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས"རྟེན་གཞི་གཉིས་དང་། ས་ཚིགས་གཅིག བྱེད་པོ་གཅིག"བཅས་ཀྱི་སྦྲེལ་ཐག་
    རྣམ་པའི་ཞིང་ལས་ལག་རྩལ་གྱི་ཞབས་ཞུ་ཁྱབ་གདལ་གཏོང་བའི་བྱེད་སྟངས་གསར་པ་འཚོལ་
    ཞིབ་བྱས་ནས་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ལས་ཚན་ཞིབ་སློབ་གླིང་གི་གསར་གཏོད་གྲུབ་འབྲས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་གང་མགྱོགས་གཞན་སྒྱུར་བྱ་ཆེད། འདི་ལོ་ཞིང་ལས་པུས་ཞིང་ཆེན་ཁག་གཅིག་ཏུ་ཞིང་ལས་ཚན་ཞིབ་རྟེན་གཞི+ས་ཁོངས་དཔེ་སྟོན་རྟེན་གཞི+གཞི་རིམ་ཁྱབ་གདལ་ས་ཚིགས+གཉེར་སྐྱོང་བྱེད་པོ་གསར་པ་བཅས་ཀྱི“རྟེན་གཞི་གཉིས་དང་། ས་ཚིགས་གཅིག བྱེད་པོ་གཅིག”བཅས་ཀྱི་སྦྲེལ་ཐག་རྣམ་པའི་ཞིང་ལས་ལག་རྩལ་གྱི་ཞབས་ཞུ་ཁྱབ་གདལ་གཏོང་བའི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་ཡིན་པ་རེད།
         འདི་ནི་གསར་འགོད་པས་ཉིན་ཤས་གོང་འཚོགས་པའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ཚན་རྩལ་གྱིས་དུས་རབས་གསར་པའི་ཤང་གྲོང་དར་རྒྱས་ཡོང་བར་འདེགས་སྐྱོར་བྱེད་ནུས་ཆེ་རུ་བཏང་ནས་ཞིང་ལས་ཚན་ཞིབ་མི་སྣ“ཞིང་གསུམ”ལས་ཀའི་འཐབ་ས་གཙོ་བོར་ཞུགས་རྒྱུར་སྐུལ་འདེད་གཏོང་ཆེད་ཞིང་ལས་པུའུ་དང་སློབ་གསོ་པུས་ཉིན་ཤས་གོང་《མཐོ་རིམ་སློབ་གླིང་དང་ཞིང་ལས་ཚན་ཞིབ་ཚན་པས་ཞིང་ལས་ལག་རྩལ་གྱི་ཞབས་ཞུ་ཁྱབ་གདལ་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》མཉམ་དུ་པར་འགྲེམས་བྱས་པ་རེད།
         “དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཞིང་ལས་ཚན་ཞིབ་སློབ་གླིང་གིས་ཞིང་ལས་ལག་རྩལ་གྱི་ཞབས་ཞུ་ཁྱབ་གདལ་གཏོང་སྟངས་ལག་ལེན་བསྟར་ནས་མཉམ་སྒྲུབ་ཁྱབ་གདལ་གཏོང་རྒྱུ་ལྟེ་བར་བྱས་ནས་ལག་རྩལ་དང་། ཤེས་ལྡན་མི་སྣ། མ་རྩ། ཆ་འཕྲིན་སོགས་ཀྱི་གསོན་ཤུགས་འཕེལ་བ་བྱས་ཏེ་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་སྒྲིག་གཞི་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་སོགས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་ཆ་གསབ་རེས་བྱས་ནས་གཡས་གཡོན་དང་གོང་འོག་ཚང་མར་ཁྱབ་པ་དང་ཕྱོགས་མང་མཉམ་སྒྲུབ་ཀྱི་ཞིང་ལས་ལག་རྩལ་གྱི་ཞབས་ཞུའི་རྣམ་པ་གསར་པ་ཞིག་ཆགས་ཡོད”ཅེས་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་གྱིས་དེ་ལྟར་བཤད་པ་རེད།
         ཁོང་གིས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་ཞིང་ལས་ཚན་རྩལ་གྱི་ཞབས་ཞུ་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་ནས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་ཞིང་ལས་ལག་རྩལ་གྱི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། དེ་དང་དུས་མཚུངས་ཞིང་ལས་ཚན་རྩལ་སློབ་གླིང་གི་ཚན་རྩལ་གྲུབ་འབྲས་གང་མགྱོགས་གཞན་སྒྱུར་ཡོང་བ་བྱས་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།