འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མི་མེད་གནམ་གྲུས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ནུབ་བྱང་རྒྱུད་དུ་བར་སྣང་ནས་འཇབ་རྒོལ་
    བྱས་སྟབས་མི་3གྲོངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན། ཕ་ཁི་སི་ཐན་སྨྱན་སྦྱོར་གྱི་གནས་འཕྲིན་ལྟར་ན། ཨ་རིའི་མི་མེད་གནམ་གྲུས་ཉིན་དེར་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ནུབ་བྱང་རྒྱུད་ཀྱི་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་གུ་ལའེ་མའོ་ཚོ་པའི་ས་ཁུལ་དང་ཐག་ཉེ་སའི་དྲག་ཆས་པའི་སྡོད་གནས་ལ་བར་སྣང་ནས་འཇབ་རྒོལ་བྱས་སྟབས། ཉུང་མཐར་ཡང་དྲག་ཆས་པ་3བསད་ཡོད་པ་རེད།
         ཕ་ཁི་སི་ཐན་གྱི་GEOགློག་འཕྲིན་ཁང་གི་གནས་འཕྲིན་དུ། ས་གནས་དེ་གའི་དུས་ཚོད་ཚེས་30ཉིན་གྱི་ཆུ་ཚོད་4:30ཡས་མས་སུ། ཨ་རིའི་མི་མེད་གནམ་གྲུས་དྲག་ཆས་པའི་སྡོད་གནས་ཤིག་ཏུ་འཕུར་མདེལ་གཉིས་འཕངས་སྟབས་འགོ་པ་ཞིག་ཚུད་པའི་མི་3ཙམ་གྲོངས་འདུག་ཅེས་བརྗོད་ཡོད་པ་རེད། གནས་འཕྲིན་དུ། བར་སྣང་ནས་འཇབ་རྒོལ་མ་བྱས་གོང་ལ། ཨ་རིའི་མི་མེད་གནམ་གྲུས་གནས་དེ་གའི་མཁའ་དབྱིངས་སུ་ལྡིང་སྐོར་ཡུན་རིང་བརྒྱབ་པས། མང་ཚོགས་དངངས་སྐྲག་བསླངས་པ་རེད་ཅེས་བརྗོད་འདུག
         ཤེས་རྟོགས་བྱུང་གསལ་དུ། བར་སྣང་ནས་འཇབ་རྒོལ་ཐེབས་པ་ནི་ཐ་ལི་པན་དྲག་ཆས་པ་ཡིན་པ་རེད། ཕ་ཁི་སི་ཐན་གཞུང་ཕྱོགས་ནས་དོན་དག་འདིར་ཡོངས་བསྒྲགས་ཀྱི་དཔྱད་གཏམ་གང་ཡང་སྤེལ་མེད་པ་རེད།
          གནས་འཕྲིན་དུ། འདི་ནི་ད་ལོར་ཨ་རིའི་མི་མེད་གནམ་གྲུས་ཕ་ཁི་སི་ཐན་རྒྱལ་ཁོངས་སུ་ བར་སྣང་གི་འཇབ་རྒོལ་བྱེད་ཐེངས་བཞི་པ་རེད་ཅེས་བཀོད་ཡོད་པ་རེད།
         2004ལོ་ནས་བཟུང་། ཨ་རིས་ཕ་ཁི་སི་ཐན་རྒྱལ་ཁོངས་སུ་མི་མེད་གནམ་གྲུས་བར་སྣང་ནས་འཇབ་རྒོལ་བྱེད་འགོ་བརྩམས་པས། མི་མང་པོ་ཤི་རྨས་བྱུང་བ་དང་། ཕ་ཁི་སི་ཐན་ཕྱོགས་ནས་རྒོལ་གཏམ་དྲག་པོ་བཏང་བ་རེད། ཕ་ཁི་སི་ཐན་སྲིད་གཞུང་གིས་དྲང་ནན་ངང་ཨ་མེ་རི་ཁ་སྲིད་གཞུང་ལ་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་པའི་དྲག་སྤྱོད་སྤེལ་མཚམས་འཇོག་དགོས་ཚུལ་ཐེངས་མང་ནན་པོར་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།