འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་གྲངས་ཆེ་མོའི་སྤྱི་སྟེགས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་གྲངས་ཆེ་མོའི་སྤྱི་སྟེགས་(བསྡུས་མིང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་གྲངས་ཆེ་མོའི་སྤྱི་སྟེགས་ཞེས་འབོད་པ་)པེ་ཅིང་གྲོང་ཁྱེར་དུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། སྤྱི་སྟེགས་འདི་ནི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་དང་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་གཉིས་ཀྱིས་སློབ་སྟོན་དང་། ཡུང་ཤིན་ཧྭ་ཡོན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཙོ་གཉེར་གནང་ལ། ད་ལྟ། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁྲི་3ལྷག་ཙམ་ལས་བརྒལ་བ་འཚོལ་སྡུད་བྱས་ཡོད་པ་དང་། རྒྱུན་འཛིན་མཁན་མི་གྲངས་3000ལྷག་ཙམ་བསྡུ་ལེན་བསྐོ་བཞག་བྱས་ཡོད་ཅིང་། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་105ལ་ཁེབས་ཡོད་པ་རེད།
          མཚམས་སྦྱོར་བྱས་པར་ལྟར་ན། མངོན་མིན་རིག་གནས་ཤུལ་བཞག་གི་གཞི་གྲངས་ཆེ་མོའི་སྤྱི་སྟེགས་འདི་ནི་མཐུན་སྦྲེལ་དྲ་བ་མཚམས་སྦྱོར་དུ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་བརྡ་འཕྲིན་སྲུང་སྐྱོབ་དང་རྒྱུན་འཛིན། སྤེལ་རེས་བཅས་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་གཅིག་གྱུར་ཐོག་ཚད་གཞི་དང་རྒྱལ་སྤྱིའི་ཨང་སྒྲིག་ངོས་འཛིན་དབྱེ་འབྱེད་བྱེད་པ། དེར་འཛམ་གླིང་གི་སྐད་བརྡ་ཁྲི་220ལྷག་ཙམ་གྱི་ནང་དོན་འཚོལ་བསྡུ་ལེགས་སྒྲིག་བྱས་ཡོད་པ་རེད། སྤྱི་སྟེགས་འདིར་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཚིག་ཁྲི་87ཙམ་འཚོལ་བསྡུ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།