འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རི་བོ་ཆེའི་མང་ཚོགས་རི་ཁུག་ནས་ཡུལ་གཞན་དུ་སྡོད་ཁང་གསར་པར་སྤོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་རི་བོ་ཆེའི་མང་ཚོགས་རི་ཁུག་ནས་ཡུལ་གཞན་དུ་སྡོད་ཁང་གསར་པར་སྤོས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། རྒྱ་མཚོའི་ངོས་ལ་ཆ་སྙོམས་མཐོ་ཚད་སྨི་4200ཡོད་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་མང་ཆེ་བ་རི་སྐེད་དུ་གནས་སྡོད་བྱེད་ཀྱི་ཡོད་པ་རེད། ས་གནས་དེ་གའི་སྲིད་གཞུང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་དགོས་འདུན་དང་བསྟུན་ནས་2016ལོའི་ཟླ་5པར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ལྟག་སྒོ་གྲོང་ཚོ་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ལས་གཞི་སྒྲུབ་འགོ་བརྩམས་ཤིང་། ལས་གཞི་ཡོངས་ལས་དུས་གཉིས་སུ་བགོས་པ་སྟེ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་39ཡི་མི་གྲངས་149ཚང་མ་2016ལོའི་ལོ་མཇུག་ཏུ་ལས་དུས་དང་པོའི་ལས་གཞིའི་སྡོད་ཁང་གསར་པར་སྤོས་པ་རེད། མིག་སྔར། ཞོར་གཏོགས་ཆ་འགྲིག་སྒྲིག་བཀོད་ཕུད། ལས་དུས་གཉིས་པའི་ལས་གཞི་ལེགས་འགྲུབ་བྱས་གྲབས་ཡོད་ཅིང་། སྔོན་དཔག་བྱས་ན། ད་ལོའི་ཟླ་11པའི་ཟླ་མཇུག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་60ཡི་མི་གྲངས་342ཡོངས་རྫོགས་སྡོད་ཁང་གསར་པར་སྤོ་རྒྱུ་རེད། སྲིད་གཞུང་གིས་གནས་སྤོ་བྱས་པའི་མང་ཚོགས་ལ་འབྲེལ་ཡོད་ཀྱི་ནུས་རྩལ་གསོ་སྐྱོང་སྦྱོང་བརྡ་བྱས་ནས་ཁོང་ཚོ་གནས་སྤོས་པ་དང་། བརྟན་གནས་ཐུབ་པ། ཕྱུག་པོར་འགྱུར་བ་བཅས་ཀྱི་འགན་ལེན་ཏན་ཏིག་བྱ་རྒྱུ་རེད། "ལོ་ལྔ་ཚན་བཅུ་གསུམ་པ"ཡི་དུས་སྐབས་སུ་རི་བོ་ཆེ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་པའི་དུད་ཚང་190ཡི་མི་གྲངས་སྟོང་ལ་ཉེ་བ་ཟིན་རྒྱུ་རེད།
    ༄༅།།བོད་ལྗོངས་རི་བོ་ཆེའི་མང་ཚོགས་རི་ཁུག་ནས་ཡུལ་གཞན་དུ་སྡོད་ཁང་གསར་པར་སྤོས་པ།
      

    ཕྱོགས་བསྡུས་གསར་འགྱུར།