འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཀུན་སྤྱོད་སློབ་གསོ་ཁང་དང་པོ་དེ་སྒོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རང་རྒྱལ་གྱི་ཀུན་སྤྱོད་སློབ་གསོ་ཁང་དང་པོ་ཡིན་པའི་ཐེན་ཅིན་ཝུའུ་ཆིང་ཀུན་སྤྱོད་སློབ་གསོ་ཁང་དངོས་སུ་སྒོ་ཕྱེ་ཞིང་། ཁང་དེས་རང་རྒྱལ་གྱི་ཆེས་སྔ་ཤོས་ཀྱི་ལོ་རྒྱུས་ཟིན་ཐོ་འགོ་འཛུགས་སར་བརྩིས་ཏེ་ལོ་རྒྱུས་ཀྱི་དུས་མཚམས་རེ་རེའི་མཚོན་བྱེད་རང་བཞིན་དང་ཤུགས་རྐྱེན་ཐེབས་པའི་ཀུན་སྤྱོད་སློབ་གསོའི་བསམ་བློ་དེ་དག་ཡིག་རིགས་དང་པར་རིས་དང་སྨྱན་སྦྱོར་གསར་པའི་ལག་རྩལ་གྱི་ཐོག་ནས་ཐད་ཀར་མངོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀུན་སྤྱོད་སློབ་གསོ་ཁང་དེ་སྒོ་ཕྱེ་རྗེས་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་དང་སྤྱི་ཚོགས་ལས་རིགས་ཁག་ལ་རིན་མེད་ངང་སྒོ་འབྱེད་རྒྱུ་དང་སློབ་གསོ་ཁང་དེར་ལྟ་སྐོར་དང་འགྲེམས་སྟོན་གྱི་ནུས་པ་ལྡན་པ་ཕུད་ཀུན་སྤྱོད་སློབ་གསོའི་ཚན་རིག་ཞིབ་འཇུག་དང་། ཀུན་སྤྱོད་སློབ་གསོའི་ལག་ལེན། ཀུན་སྤྱོད་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་ནུས་པ་མང་པོ་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།