འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་པེ་ཅིང་གི་འགྲན་ཁུལ་གྱིས་ཚོགས་ར་18ཀྱི་
    འཛུགས་སྐྲུན་བསྐྱར་བཀོད་རྣམ་གྲངས་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། གསར་འགོད་པས་པེ་ཅིང་གྲོང་ཁྱེར་གཙོ་གནད་རྣམ་གྲངས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་པེ་ཅིང་འགྲན་ཁུལ་གྱི་ཚོགས་ར་འཛུགས་སྐྲུན་བསྐྱར་བཀོད་རྣམ་གྲངས་18ལས། རྒྱལ་ཁབ་འཁྱགས་ཤུད་ཁང་དང་། རྒྱལ་ཁབ་རི་མཐོ་གངས་ཤུད་ལྟེ་གནས། རྒྱལ་ཁབ་གངས་གྲུ་གངས་འཁོར་ལྟེ་གནས། མཆོང་སྟེགས་ཤིང་ལེབ་ཆེན་པོ། རྒྱལ་སའི་ལུས་རྩལ་ཕྱོགས་བསྡུས་སྦྱོང་བརྡར་ཁང་བཅས་ལྔ་པོ་ནི་གསར་དུ་བསྐྲུན་པའི་ཚོགས་ར་ཡིན་པ་དང་། པེ་ཅིང་གི་དགུན་དུས་ཨོ་རྩལ་གྲོང་ཚོ་དང་ཡན་ཆིང་དགུན་དུས་ཨོ་རྩལ་གྲོང་ཚོ་གཉིས་ནི་གསར་སྐྲུན་བྱས་ཀྱང་འགྲན་བསྡུར་ཚོགས་ར་མིན་པ་རེད།
          མཚམས་སྦྱོར་བྱས་པར་གཞིགས་ན། 2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་པེ་ཅིང་འགྲན་ཁུལ་གྱི་ཚོགས་ར་གསར་སྐྲུན་ཀྱི་ལས་དོན་ནི་ད་ལྟ་སྤེལ་བཞིན་ཡོད་ལ། ཡན་ཆིང་འགྲན་ཁུལ་གྱི་སྤྱིའི་འཆར་འགོད་གཏན་འཁེལ་བྱུང་བ་དང་། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་གཞི་ཁག་ད་ལྟ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད་པ་རེད།
          2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཚོན་དོན་རང་བཞིན་གྱི་འཛུགས་སྐྲུན་ཏེ་ཨོ་ལིམ་ཕིག་སྤྱི་གླིང་དུ་ཡོད་པའི་རྒྱལ་ཁབ་འཁྱགས་ཤུད་ཁང"འཁྱགས་པའི་དར་སྐུད"ནི་ད་ལྟ་སྐྲུན་བཞིན་ཡོད་པ་དང་། ཡན་ཆིང་འགྲན་ཁུལ་གྱི་རི་མཐོ་གངས་ཤུད་དང་། གངས་གྲུ་གངས་འཁོར་ལས་གཞིའི་སྤྱི་ལེ་4.94ཡི་འགྲོ་འོང་ལམ་ད་ལྟ་ཕྱོགས་ཡོངས་ནས་ཤར་གཏོང་བྱས་ཡོད་པས། ས་གནས་འདི་གཉིས་སུ་ལས་དོན་སྤེལ་བར་རྨང་གཞི་བཏིང་ཡོད་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་པེ་ཅིང་འགྲན་ཁུལ་གྱི་ཚོགས་ར་འཛུགས་སྐྲུན་བསྐྱར་བཀོད་རྣམས་གྲངས་18ཀྱི་ཁྲོད་དུ། ཚོགས་ར་8ནི་བསྐྱར་བཀོད་བྱ་རྒྱུ་ཡིན་ལ། ཚོགས་ར་3ནི་གནས་སྐབས་གསར་སྐྲུན་བྱས་ཏེ་གཟེངས་རྟགས་སྤྲོད་པ་དང་གསར་འགྱུར་གསར་འགོད་དུ་སྤྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།