འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་122པའི་ཀོང་ཀྲོའུ་ཚོང་འདུས་ནས་འཕར་བའི་རྣམ་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན། སྐབས་122པའི་ཀོང་ཀྲོའུ་ཚོང་འདུས་གོང་ཚེས་ཉིན་ཀོང་ཀྲོའུ་ཚོང་འདུས་འགྲེམས་ཁང་དུ་མཇུག་སྒྲིལ་ཞིང་། སྐབས་འདིའི་ཚོང་འདུས་ཐོག་རྒྱལ་ཁབ་དང་ས་ཁུལ་213ནས་ཡོང་བའི་ཉོ་སྒྲུབ་ཚོང་པ་191950ཞུགས་ཡོད་པ་དེ་ན་ནིང་དུས་མཚུངས་ཀྱི་སྐབས་120པའི་སྟོན་དུས་ཚོང་འདུས་ལས་3.36%འཕར་བ་དང་། རིམ་བརྩིས་བྱས་ན་ཕྱིར་གཏོང་ཚོང་འགྲིག་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་1986.52(ཨ་སྒོར་དུང་ཕྱུར་301.6དང་མཚུངས་པ)ཟིན་པ་དེ་ན་ནིང་གི་དུས་མཚུངས་ཀྱི་སྐབས་120པའི་སྟོན་དུས་ཚོང་འདུས་ལས་8.2%འཕར་ཡོད། ཚོང་འདུས་ནང་ཞུགས་མཁན་གླིང་ཆེན་ཁག་གི་ཉོ་སྒྲུབ་ཚོང་པའི་མི་གྲངས་སམ་ཡང་ན་རིགས་ཁག་གི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་བསྡོམས་འབོར་དེ་ད་ཐེངས་ཀྱི་ཚོང་འདུས་ཐོག་འཕར་བའི་རྣམ་པ་ཐོན་ཡོད།
         ཀོང་ཀྲོའུ་ཚོང་འདུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་པིན་གྱིས་སྐབས་འདིའི་ཚོང་འདུས་ནང་ཞུགས་མཁན་གླིང་ཆེན་ཁག་གི་མི་གྲངས་མང་བ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན། ཨེ་ཤེ་ཡ་བ་1.70%དང་། ཡོ་རོབ་བ་4.21% གླིང་ཆེན་ཨ་མེ་རི་ཀ་བ་6.37% ཨ་ཧྥེ་རི་ཁ་བ་4.48% རྒྱ་མཚོ་ཆེན་པོའི་གླིང་ཆེན་བ་12.33%བཅས་སོ་སོར་འཕར་ཡོད་པ་དང་ཚོང་འདུས་ནང་མིང་ཐོ་འགོད་མཁན་“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཉོ་སྒྲུབ་ཚོང་པ་84445ཟིན་ནས་དུས་མཚུངས་ལས་3.48%འཕར་ཡོད།
         ཕྱིར་གཏོང་ཚོང་འགྲིག་ཐད། འཕྲུལ་གློག་ཚོང་ཟོག་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་159.1ཟིན་ནས་5.4%འཕར་ཏེ་ཚོང་འགྲིག་བསྡོམས་འབོར་གྱི་52.7%བཟུང་ཡོད། ཡང་བའི་བཟོ་ལས་ཐོན་རྫས་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་80.0ཟིན་ནས་11.0%འཕར་ཏེ་ཚོང་འགྲིག་བསྡོམས་འབོར་གྱི་26.5%བཟུང་ཡོད། འཁེལ་འཐག་དང་གྱོན་ཆས་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་17.4ཟིན་ནས་6.8%འཕར་ཏེ་ཚོང་འགྲིག་བསྡོམས་འབོར་གྱི་5.8%བཟུང་ཡོད། སྤུས་རྟགས་འགྲེམས་ཁུལ་དུ་ཁྱོན་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་108ཟིན་ནས་13.6%འཕར་ཏེ་ཚོང་འགྲིག་བསྡོམས་འབོར་གྱི་35.8%བཟུང་ཡོད། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཕྱིར་གཏོང་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་93.7ཟིན་ནས་13.6%འཕར་ཏེ་ཚོང་འགྲིག་བསྡོམས་འབོར་གྱི་31.1%བཟུང་ཡོད།
        ཀོང་ཀྲོའུ་ཚོང་འདུས་ནི་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། ཞུས་པིང་གི་སྐབས་122པའི་ཀོང་ཀྲོའུ་ཚོང་འདུས་ནང་ཞུགས་མཁན་ཉོ་སྒྲུབ་ཚོང་པ་དང་ཕྱིར་གཏོང་ཚོང་འགྲིག་གྲངས་གཞིའི་ཐོག་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་བརྟན་ལ་ལེགས་པའི་ཕྱོགས་སུ་བསྐྱོད་པའི་དུས་བབ་སྲ་བརྟན་དང་། འཕར་བའི་སྤུས་ཚད་དང་ཕན་འབྲས་ལེགས་པ། གྲུབ་ཆ་ལེགས་སྒྲིག་དང་སྒུལ་ཤུགས་སྒྱུར་བའི་གོམ་སྟབས་མགྱོགས་པ་བཅས་ཡོད་པ་མཚོན་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།