འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གཞུང་ལམ་དང་ཟམ་པའི་བསྡོམས་འབོར་ཁྲི་80ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གཞུང་ལམ་དང་ཟམ་པ་བསྡོམས་ཁྲི་80.53ཡོད་པའི་ནང་སི་ཁྲོན་དབྱི་པིན་སྨད་རྒྱུད་ཀྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ཟམ་ཆེན་135ཟིན་ཡོད། གནས་ཚུལ་དེ་ནི་གསར་འགོད་པར་ཚེས་5ཉིན་འགོ་ཚུགས་པའི་2017ལོའི་ཀྲུང་གོ(ཝུའུ་ཧན)རྒྱལ་སྤྱིའི་ཟམ་པའི་ཚན་རྩལ་གླེང་སྟེགས་དང་རྒྱལ་སྤྱིའི་ཟམ་པའི་དངོས་མང་སྟོན་ཚོགས་ཐོག་ཤེས་རྟོགས་བྱུང་བ་ཞིག་རེད།
         སྐབས་འདིའི་ཟམ་པའི་དངོས་མང་སྟོན་ཚོགས་ནི་ཝུའུ་ཧན་གྲོང་ཁྱེར་སྲིད་གཞུང་དང་ཧུའུ་པེ་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་དང་། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཁང་། ཝུའུ་ཧན་གྲོང་ཁྱེར་གྲོང་ཁྱེར་མ་འཇོག་སོགས་ཚན་པས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། འཛམ་གླིང་ཐོག་གི་ཟམ་པ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཆེས་སྔོན་ཐོན་གྱི་ལག་རྩལ་དང་ཐོན་རྫས་འགྲེམས་སྟོན་བྱ་རྒྱུ་རེད། ཚེས་5ཉིན་གྱི་འགོ་འཛུགས་མཛད་སྒོའི་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་སྤྱི་ཁྱབ་བཟོ་བཀོད་ཆེ་མོ་བ་ཀྲོའུ་ཝེ་ཡིས་ན་ནིང་ལོ་མཇུག་བར། རྒྱལ་ཡོངས་སུ་གཞུང་ལམ་དང་ཟམ་པ་ཁྱོན་ཁྲི་80.53ཡོད། མིག་སྔར་འཛམ་གླིང་ཐོག་བསྐྲུན་ཟིན་པའི་གཙོ་བརྒལ་བརྒལ་ཐག་ཆེ་ཤོས་ཀྱི་ལྡིང་ཟམ་དང་། འཕྱངས་ཟམ། གཞུ་དབྱིབས་ཟམ་པ། གདུང་འདེགས་ཟམ་པ་བཅས་10ཡི་ཁྲོད་རང་རྒྱལ་གྱིས་7དང་། 665བཅས་སོ་སོར་བཟུང་ཡོད། ཀྲུང་གོའི་ཟམ་པ་ཉིད་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་འགྲིམ་འགྲུལ་གྱི་བཀྲག་མདངས་འཚེར་བའི་མིང་ཤོག་ལྟ་བུར་གྱུར་ཡོད་ཅེས་བཤད་པ་རེད།
         རྒྱལ་ཁབ་ལྕགས་ལམ་ཅུས་ཚན་རྩལ་དང་ཁྲིམས་ལུགས་སིའི་སི་ཀྲང་ཡན་ཧོ་ཞང་གིས་2016ལོའི་ལོ་མཇུག་བར་རང་རྒྱལ་ལ་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་2.2ཡོད་པའི་ནང་མྱུར་བགྲོད་ལྕགས་ལམ་གྱི་ཟམ་པའི་སྤྱིའི་རིང་ཚད་ཀྱིས་ལམ་ཐིག་སྤྱིའི་རིང་ཚད་ཀྱི་50%ལྷག་ཙམ་བཟུང་ཡོད། 2025ལོར་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི་3.8དང་2030ལོར་རིང་ཚད་སྤྱི་ལེ་ཁྲི་4.5ཟིན་ཏེ“གཞུང་བཞི་འཕྲེད་བཞི”གཞི་རྩའི་ཐོག་བསྐྲུན་ཟིན་པའི་རྨང་གཞིའི་ཐོག“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་འགྲུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།