འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་དབང་པོ་ཞལ་འདེབས་འབུལ་མཁན་དང་བླངས་པའི་ཐོ་བཀོད་མི་གྲངས་ཁྲི་33
    ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་གསར་འགོད་པར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སོགས་སྡེ་ཚན་གྱིས་གཙོ་གཉེར་བྱས་པའི“དབང་པོ་ཞལ་འདེབས་འབུལ། ཚེ་སྲོག་མཉམ་དུ་སྤྱོད”ཅེས་པའི་སྤྱི་ཕན་དྲིལ་བསྒྲགས་བྱེད་སྒོ་ཆེ་མོའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་བར། རང་རྒྱལ་དུ་དབང་པོ་ཞལ་འདེབས་འབུལ་མཁན་དང་བླངས་པའི་ཐོ་བཀོད་མི་གྲངས་ཁྲི་33ལྷག་ཙམ་ཟིན་པ་དང་མིག་སྔར་རང་རྒྱལ་གྱི་དབང་པོ་ཞལ་འདེབས་འབུལ་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད།
         བྱེད་སྒོའི་ནང་ཞུགས་མཁན་ཀྲུང་གོའི་མིའི་གཟུགས་པོའི་དབང་པོ་ཞལ་འདེབས་དོ་དམ་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཚའོ་ཧོའེ་ཅེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ཟླ་1ཚེས་1ཉིན་ནས་བཟུང་རང་རྒྱལ་གྱིས་སྲོག་ཆད་བཅད་པའི་བཙོན་པའི་དབང་པོ་རྩ་སྤོས་བྱ་རྒྱུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱས་པ་དང་། སྤྱི་དམངས་གྲོངས་རྗེས་རང་མོས་ངང་དབང་པོ་ཞལ་འདེབས་འབུལ་རྒྱུ་དེ་དབང་པོ་རྩ་སྤོས་ཀྱི་ཐབས་ལམ་གཙོ་བོར་གྱུར་ཡོད། འདི་ལོའི་ཟླ་10པའི་ཟླ་སྨད་བར། རང་རྒྱལ་གྱི་དབང་པོ་ཞལ་འདེབས་འབུལ་མཁན་དང་བླངས་པའི་ཐོ་བཀོད་མི་གྲངས་ཁྲི་33ལྷག་ཙམ་ཟིན་པ་དང་། རིམ་རྩིས་བྱས་ན་དབང་པོ་ཞལ་འདེབས་འབུལ་ཚད་ཁྲི་1.4ལྷག་ཙམ་ཟིན་པ། དབང་པོ་ཆེན་པོ་ཞལ་འདེབས་འབུལ་མཁན་ཁྲི་3.8ལྷག་ཙམ་ཟིན་པ། དབང་པོ་རྩ་སྤོས་བྱས་ནས་དབང་པོ་ཉམས་པའི་ནད་པ་ཁྲི་3ལྷག་ཙམ་གྱི་ཚེ་སྲོག་བསྐྱབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།