འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་མུའུ་དུང་ཕྱུར་15.50དབྱེ་འབྱེད་གཏན་
    འབེབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་གྱི་སྔ་དྲོ། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་ཞིང་ལས་པུས་མཉམ་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཕྱི་ཕྱོགས་ལ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་ཀྱི་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་ཤིང་། འདི་ལོའི་ཟླ་6པའི་ཟླ་མཇུག་བར། རང་རྒྱལ་གྱི་ཡུན་གནས་གཞི་རྩའི་ཞིང་དབྱེ་འབྱེད་གཏན་འབེབས་ཀྱི་ལས་དོན་སྤྱིར་ན་ལེགས་གྲུབ་བྱུང་བ་དང་། རྒྱལ་ཡོངས་སུ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་ཀྱི་ལས་འགན་ཡོད་པའི་རྫོང་རིམ་པའི་སྲིད་འཛིན་ཁུལ་2887དུ་དངོས་སུ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་མུའུ་དུང་ཕྱུར་15.50དབྱེ་འབྱེད་གཏན་འབེབས་བྱས་ནས་ཚང་མ་དམིགས་སར་དོན་འཁྱོལ་བྱུང་བ་དང་། སྲུང་སྐྱོང་འགན་འཁྲི་ཁ་གསལ་བ། དབྱེ་མཚམས་ཕྱེ་བའི་ཕུར་པ་གསབ་བཙུགས་བྱས་པ། ཆ་འཕྲིན་ཐོ་འགོད་དང་རེའུ་མིག་འཐུས་སྒོ་ཚང་བ། ཇུས་གཞིར་བཅུག་པ་བཅས་བྱུང་ཡོད། ཡུན་གནས་ཀྱི་གཞི་རྩའི་ས་ཞིང་གྲུབ་འབྲས་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བརྒྱ་ཆ་བརྒྱ་ཐུབ་པ་དང་གྲུབ་འབྲས་གྲངས་གཞིའི་མཛོད་ཀྱི་སྤུས་ཚད་ཞིབ་བཤེར་གྱི་བསྐྱར་ཞིབ་བརྒྱ་ཆ་བརྒྱ་ཐུབ་ཡོད།
           རྨོ་ཞིང་ནི་རང་རྒྱལ་གྱི་ཆེས་རྩ་ཆེའི་ཐོན་ཁུངས་ཤིག་ཡིན། ཡུན་གནས་ཀྱི་གཞི་རྩའི་ས་ཞིང་ནི་རྨོ་ཞིང་ཁྲོད་ཀྱི་རྩེར་སོན་ཞིག་ཡིན་པ་དང་མི་དུང་ཕྱུར་བཅུ་གྲངས་ཁ་ཤས་ཀྱི་འཚོ་རྟེན་དང་འབྲེལ་བ་ཡོད། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་ཞིང་ལས་པུས་སྔོན་ལ་གྲོང་ཁྱེར་གྱི་མཐའ་འཁོར་དང་། འགྲིམ་འགྲུལ་ལམ་རྒྱུད། གཅིག་སྡུད་ཡུག་སྦྲེལ་བཅས་ཀྱི་ཆུ་བེད་སྒྲིག་ཆས་ལེགས་པའི་སྤུས་ལེགས་ཀྱི་རྨོ་ཞིང་དང་ཚད་གཞི་མཐོ་བའི་ས་ཞིང་ཡུན་གནས་ཀྱི་གཞི་རྩའི་ཞིང་ཁར་དབྱེ་འབྱེད་གཏན་འབེབས་བྱས་ཏེ་སྲུང་སྐྱོང་འགན་འཁྲི་གྲོང་ཚོའི་ཚོགས་ཆུང་དང་ཞིང་དུད་ལ་སྤྲད་པ་དང་གཅིག་གྱུར་གྱི་མཚོན་རྟགས་ཤིག་བཙུགས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་རེད། བསྡོམས་རྩིས་རགས་ཙམ་བྱས་པ་གཞིར་བཟུང་། རྒྱལ་ཡོངས་སུ་འགན་འཁྲིའི་ཡི་གེ་ཁྲི་608ལ་མིང་རྟགས་བཀོད་ནས་མཚོན་རྟགས་བྱང་བུ་ཁྲི་27བཙུགས་ཡོད་པ་རེད།
           ཡུན་གནས་ཀྱི་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་བྱས་རྗེས་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་མ་དབྱེ་གོང་དང་བསྡུར་ན་བཀོད་སྒྲིག་བྱེད་སྟངས་དེ་བས་ལེགས་པ་དང་སྤུས་ཚད་དེ་བས་མཐོ་རུ་སོང་བ་མ་ཟད། ནགས་ཚལ་དང་། གཙང་པོ། མཚེའུ། རི་སོགས་བཅས་དང་མཉམ་དུ་གྲོང་ཁྱེར་གྱི་སྣོད་བཅུད་སྲུང་ཡོལ་ཞིག་ཆགས་ཏེ་གྲོང་ཁྱེར་གསར་སྤེལ་གྱི་དངོས་ཚན་དབྱེ་མཚམས་སུ་གྱུར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁམས་ཆགས་སྟངས་ལེགས་སུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྦྲེལ་མཐུད་རྣམ་པ་དང་། ཚོགས་སྒྲིག་རྣམ་པ། སྲུང་སྐར་གྲོང་ཁྱེར་རྣམ་པ་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།