འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་8པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    དང་འགལ་བའི་གནད་དོན་3859ཞིབ་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་གསལ། ཟླ་བ་8པར་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་3859ཞིབ་གཅོད་བྱས་ཤིང་། དེ་ལས་མི་5419ལ་ཆད་གཅོད་བྱས་པ་དང་། མི་4012ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་སྐྱོང་སྒྲིག་ཁྲིམས་ཀྱི་ཆད་གཅོད་བྱས་པ་རེད།
        རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་བྱེད་ཕྱིར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིང་ཆེན་རང་སྐྱོང་ལྗོངས་གྲོང་ཁྱེར་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་139 ཀྲུང་དབྱང་གི་་ཁེ་ལས་98 ཀྲུང་དབྱང་དངུལ་རྩའི་ཁེ་ལས་15བཅས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ཟླ་རེའི་སྙན་ཞུའི་ལམ་ལུགས་བཙུགས་པ་རེད།
         ཞིབ་གཅོད་བྱས་པའི་གནད་དོན་གྱི་རིགས་ལ་བལྟས་ན། སྒྲིག་འགལ་གྱིས་ཕོགས་སྣོན་དང་གསབ་དངུལ་ལམ་བདེ་ཕན་འགྲེམས་གཏོང་བྱས་རིགས་940དང་།  སྒྲིག་འགལ་གྱིས་ལག་རྟགས་དང་དངུལ་ཐུམ་སྤྲོད་ལེན་བྱས་རིགས་819 སྒྲིག་འགལ་གྱིས་སྤྱི་སྤྱོད་རླངས་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་རིགས་624 གཉེན་སྒྲིག་དང་འདས་མཆོད་དགའ་སྟོན་རྟེན་འབྲེལ་གཤོམ་ཆེན་བྱས་རིགས་441 སྒྲིག་འགལ་གྱིས་སྤྱི་དངུལ་སྤྱད་དེ་བཟའ་བཏུང་བྱས་རིགས་474 ཚད་གཞི་ལས་བརྒལ་ནས་སྣེ་ལེན་འདོན་སྤྲོད་དམ་དང་ལེན་བྱས་པ་དང་། གནས་གོང་ཆེ་བའི་འཛད་སྤྱོད་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོ་དང་ལེན་ནམ་སྤྱི་དངུལ་སྤྱད་ནས་ཞུགས་པ། སྒྲིག་འགལ་གྱིས་མི་སྒེར་གྱི་འདུ་གནས་སུ་འགྲོ་འོང་བྱས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་བཅས་209 སྤྱི་དངུལ་སྤྱད་ནས་ཡུལ་སྐོར་བྱས་རིགས་270 མགྲོན་ཁང་དང་ཐོག་ཁང་། ཚོམས་ཁང་། སྣེ་ལེན་ཁང་བཅས་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་82བཅས་ཡོད་པ་རེད། ཟླ་བ་8པར་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་རྐྱེན་གྱིས་ཏང་གི་སྒྲིག་ཁྲིམས་དང་སྲིད་སྐྱོང་སྒྲིག་ཁྲིམས་ཀྱི་ཆད་གཅོད་ཕོག་པའི་ལས་བྱེད་པའི་ཁྲོད་དུ་ས་ཁུལ་ལམ་ཐིང་རིམ་པའི་མི་56དང་རྫོང་ངམ་ཁྲུའུ་རིམ་པའི་མི་368ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།