འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་སྨི་5548ཡོད་པའི་ཆན་ཧྥུའུ་110གློག་འདྲེན་
    སྐུད་ལམ་ཁྱོན་ཡོངས་ནས་འཁྲིད་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཆན་ཧྥུའུ་110ཡོད་པའི་ལྷོ་བྲག་གི་གློག་འདྲེན་སྐུད་ལམ་ནི་རྒྱལ་ཁབ་གློག་དྲ་ཀུང་སིའི་2017ལོའི་རེས་སྐོར་གསར་པའི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི“9.30”གྱི་གཙོ་གནད་ལས་གྲྭ་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཆན་ཧྥུའུ་110ཡི་གློག་སྒྱུར་ས་ཚིགས་ནས་འགོ་བཙུགས་ཏེ་ལྷོ་བྲག་རྫོང་གི་ཆན་ཧྥུའུ་110ཡི་གློག་སྒྱུར་ས་ཚིགས་བར་ཡིན་པ་དང་གློག་ལམ་ཧྲིལ་པོར་སྤྱི་ལེ་103ཡོད་པ་དང་འཆར་གཞི་ལྟར་ན་སྒོར་དུང་ཕྱུར་1.6ཙམ་བཏང་ནས་ལྕགས་ཀྱི་གློག་ཤིང་270ལྷག་ཙམ་བསྐྲུན་རྒྱུ་ཡིན་པས། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཆན་ཧྥུའུ་110ཡོད་པའི་གློག་འདྲེན་སྐུད་ལམ་ལས་གྲྭ་ཞིག་རེད། ལས་གྲྭ་དེ་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་འཛུགས་སྐྲུན་ཀུང་སི་དང་ཧུའུ་པེ་ཞིང་ཆེན་གློག་འདྲེན་གློག་སྒྱུར་ལས་གྲྭ་ཀུང་སིའི་ཨར་ལས་མི་སྣ་1100ལྷག་ཙམ་གྱིས་དུས་ཡུན་ཉིན་206རིང་ལས་སྒྲུབ་བྱས་པ་ཞིག་ཡིན་པ་དང་དེ་ཨར་སྐྲུན་འཆར་གཞི་ལས་ཉིན་18ཀྱི་སྔ་སྣུར་དུ་ལམ་ཐིག་ཧྲིལ་པོའི་གློག་ཤིང་འཛུགས་པ་དང་གློག་སྐུད་གཏོང་བའི་ལས་འགན་ལེགས་གྲུབ་ཟིན་ཡོད།
         རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་དེ་འཛུགས་སྐྲུན་བེད་སྤྱོད་བྱས་རྗེས་བོད་ལྗོངས་ལྷོ་ཁ་གློག་དྲས“གློག་ཁུངས་གཉིས”ནས་གློག་གཏོང་མངོན་འགྱུར་བྱུང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་བའི་ལྷོ་ཁ་གྲོང་ཁྱེར་ལ་གློག་ཤུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་རྒྱུ་ཡིན་ཞིང་།
      

    ཕྱོགས་བསྡུས་གསར་འགྱུར།