འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྭ་ལ་ལུམ་ཕུར་གྲོང་ཁྱེར་གྱི་ཆོས་ལུགས་སློབ་གྲྭ་ཞིག་ཏུ་མེ་ཤོར་ནས་མི་20ལྷག་རྐྱེན་ལམ་
    དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁྭ་ལ་ལུམ་ཕུར་གྲོང་ཁྱེར་གྱི་ཆོས་ལུགས་སློབ་གྲྭ་ཞིག་ཏུ་མེ་ཤོར་ནས་མི་20ལྷག་རྐྱེན་ལམ་
དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་གྲོང་ཁྱེར་དུ་སྒེར་གྱིས་བཙུགས་པའི་ཆོས་ལུགས་སློབ་གྲྭ་ཞིག་ཏུ་མེ་ཤོར་བས། ཉུང་མཐར་ཡང་སློབ་མ་21དང་དགེ་རྒན་2རྐྱེན་ལམ་དུ་ཤོར་བ་རེད། ཉིན་དེར་མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པུའུ·ལ་ཀྲ་ཁེ་ཡིས་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་སུ་རྐྱེན་ལམ་དུ་ཤོར་མཁན་ཚོར་མྱ་ངན་ཞུས་པ་རེད། མེ་འགོག་མེ་གསོད་སྡེ་ཁག་དང་ཉེན་རྟོག་ཕྱོགས་ཀྱིས་མེ་ཤོར་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
         མེ་འགོག་མེ་གསོད་སྡེ་ཁག་གིས་ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་5དང་སྐར་མ་41ཡས་མས་སུ་ཉེན་བརྡ་འབྱོར་རྗེས་མགྱོགས་མྱུར་ངང་མྱུར་སྐྱོབ་བྱེད་པར་བསྐྱོད་ཅིང་། མེ་འགོག་མེ་གསོད་སྡེ་ཁག་གིས་ཉིན་དེའི་སྔ་དྲོར་བརྡ་ཁྱབ་བཏང་བའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་25ཡོད་པ་རེད། མ་ལེ་ཞི་ཡའི་ཉེན་རྟོག་སྤྱི་ཁྱབ་འགོ་དཔོན་གཞོན་པ་ནུར་· ལ་ཤིས་ཏེ་· དབྱི་པུའུ་ལ་ཤིན་གྱིས་ཉིན་དེའི་ཕྱི་ཙམ་དུ་མེ་སྐྱོན་ཤོར་བ་ལས་མི་23རྐྱེན་ལམ་དུ་ཤོར་བ་དང་། དེདག་གི་ནང་སློབ་མ་21དང་དགེ་རྒན་གཉིས་ཡོད་ཅིང་། རྐྱེན་ལམ་དུ་ཤོར་མཁན་མང་ཆེ་བ་ནི་ལོ་13ནས་ལོ་17བར་གྱི་སློབ་མ་རེད། གཞན་ཡང་མི་5ལ་རྨས་སྐྱོན་ཕོག་པ་དང་། དེའི་ཁྲོད་དུ་མི་3གྱི་རྨས་སྐྱོན་ཚབས་ཆེ་བ་ཡོད་པ་རེད། དེ་མིན་ད་དུང་མི་ཁ་ཤས་བྲོས་བྱོལ་ཐུབ་པ་རེད།
    ༄༅།།ཁྭ་ལ་ལུམ་ཕུར་གྲོང་ཁྱེར་གྱི་ཆོས་ལུགས་སློབ་གྲྭ་ཞིག་ཏུ་མེ་ཤོར་ནས་མི་20ལྷག་རྐྱེན་ལམ་
དུ་ཤོར་བ།
    ༄༅།།ཁྭ་ལ་ལུམ་ཕུར་གྲོང་ཁྱེར་གྱི་ཆོས་ལུགས་སློབ་གྲྭ་ཞིག་ཏུ་མེ་ཤོར་ནས་མི་20ལྷག་རྐྱེན་ལམ་
དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།