འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཉི་ཧོང་གིས་ཁོ་རེ་ཡ་བྱང་མས་འཕུར་མདའ་ཞིག་འཕེན་གཏོང་བྱས་ནས་པེ་ཧའེ་ཏའོ་ཡི་
    མཁའ་དབྱིངས་ནས་འཕུར་ཕྱིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། ཉི་ཧོང་སྲིད་གཞུང་གིས་ཁོ་རེ་ཡ་བྱང་མས་ཉིན་འདིའི་ཞོགས་པར་འཕུར་མདའ་ཞིག་འཕེན་གཏོང་བྱས་པ་དང་། འཕུར་མདའ་དེ་ཉི་ཧོང་གི་པེ་ཧའེ་ཏའོ་ཡི་མཁའ་དབྱིངས་ནས་འཕུར་ཕྱིན་ནས་ཞི་བདེ་རྒྱ་མཚོའི་མཚོ་ཁོངས་སུ་ལྷུངས་ཡོད་ཅེས་བརྗོད་པ་རེད། 
         ཉི་ཧོང་རླུང་འཕྲིན་མཐུན་ཚོགས་བརྙན་འཕྲིན་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་བྱང་མས་ཚེས་15ཉིན་གྱི་ཞོགས་པའི་ཆུ་ཚོད་6དང་སྐར་མ་57ཐོག་འཕུར་མདའ་ཞིག་འཕེན་གཏོང་བྱས་པ་དང་། འཕུར་མདའ་དེ་ཉི་ཧོང་གི་པེ་ཧའེ་ཏའོ་ཡི་མཁའ་དབྱིངས་སུ་འཕུར་ཕྱིན་ཞིང་། ཆུ་ཚོད་7དང་སྐར་མ་16ཐོག་པེ་ཧའེ་ཏའོ་ཤར་ཕྱོགས་སུ་སྤྱི་ལེ་2000ཡོད་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་མཚོ་ཁོངས་སུ་ལྷུངས་པ་རེད། ཉི་ཧོང་གི་གཞུང་དོན་ཁང་གི་འགོ་འཛིན་ཅན་དབྱི་ཝེ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་ཁོ་རེ་ཡ་བྱང་མས་འཕུར་མདའ་འཕེན་གཏོང་བྱས་པར་སུན་འབྱིན་བྱས་པ་དང་རྒོལ་གཏམ་བཏང་བ་རེད།
          ཉི་ཧོང་སྲིད་གཞུང་གིས་དེའི་རྗེས་སུ་ཁོ་རེ་ཡ་བྱང་མས་ཐེངས་འདིར་འཕེན་གཏོང་བྱས་པ་ནི་མདེལ་ལམ་ཅན་གྱི་འཕུར་མདའ་ཡིན་པ་ངོས་འཛིན་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།