འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་72ཟིན་པ་དང་། དེ་ཁུལ་དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས། ཧོར་རིགས། ས་ལར་རིགས་སོགས་མི་རིགས་40ལྷག་ཙམ་འཚོ་གནས་བྱས་ནས་ཕུན་སུམ་ཚོགས་པའི་རིག་གནས་བཏོད་ཡོད་པས་གང་སར་མཐུན་སྒྲིལ་ཞི་མཐུན་གྱི་མེ་ཏོག་བཞད་བཞིན་ཡོད།
         མཚོ་སྔོན་དུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡོད་པས“ཤར་ཕྱོགས་སུ་རྒྱུག་པའི་ཆུ་བོ་དྭངས་གཙང”འགན་ལེན་བྱེད་པ་ནི་མཚོ་སྔོན་གྱི་འགན་འཁྲི་དང་གཟི་བརྗིད་རེད། གཙང་གསུམ་ཆུ་འགོ་དང་། མཚོ་སྔོན་པོ། མདོ་ལ་རིང་མོ་སོགས་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ལས་གྲྭ་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བས་རྨ་ཆུའི་ཆུ་འགོའི་མཛེས་ལྗོངས་ལྷག་པར་མཛེས་སྡུག་ལྡན་པར་གྱུར་ཡོད། འབྲོག་པ་མང་ཚོགས་ཁྲི་10ཡིས་ཕྱུགས་འཚོ་མཚམས་བཞག་ནས་སྣོད་བཅུད་སྲུང་སྐྱོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་བའི་འཚོ་བ་གསར་པ་བཏོད་ཡོད།
         “རིན་ཐང་ཆེ་ཤོས་སྣོད་བཅུད་ལ་གནས་པ་དང་། འགན་འཁྲི་ཆེ་ཤོས་སྣོད་བཅུད་ལ་གནས་ཡོད། གཏིང་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་ལ་གནས་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་མཚོ་སྔོན་མི་དམངས་ཀྱིས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་བླ་མེད་ཀྱི་འགན་འཁྲི་དེ་བས་བློ་བརྟན་འགྱུར་མེད་ངང་ཁུར་ནས“རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ནས་དེ་བས་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་པའི”ལམ་དུ་སྐྱོད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།