འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་སྣུམ་གོང་ལོ་འདིའི་ནང་དུ་ཐེངས་བདུན་པ་འཕར་རྒྱུ་ཡིན་པ་སྟེ་སྒམ་རེར་སྒོར་3
    ནས་5བར་མང་བ་སྤྲོད་དགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ནང་གི་སྣུམ་གོང་ལོ་འདིའི་ནང་དུ་ཐེངས་བདུན་པ་འཕར་རྒྱུ་ཡིན་པ་སྟེ་སྒམ་རེར་སྒོར་3
ནས་5བར་མང་བ་སྤྲོད་དགོས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། ལས་ཁུངས་མང་པོ་ཞིག་གིས་སྔོན་དཔག་བྱས་ན། སྣུམ་གོང་ཐེངས་བདུན་པ་འཕར་རྒྱུ་ཡིན་པ་དང་། འཕར་ཚད་ནི་ཏུན་རེར་སྒོར་80ནས་100བར་ཡིན་པ་དང་། སྣུམ་50Lཅན་ནི་རླངས་འཁོར་གྱི་སྣུམ་སྒམ་གང་བར་བསྣན་པར་སྒོར་3ནས་5མང་བ་སྤྲོད་དགོས་རྒྱུ་རེད།
         རིན་གོང་རྩི་བའི་འཁོར་ཡུན་འདིར་རྒྱ་མཚོའི་རླུང་འཚུབ་ཧ་ཝེ་ཞེས་པ་བརྒྱབ་རྗེས་ཨ་རིའི་མཚོ་ཁུག་ས་ཁུལ་གྱི་སྣུམ་སྦྱང་བཟོ་གྲྭས་ཡང་བསྐྱར་ལས་འགོ་འཛུགས་དགོས་པ་དང་། ཨ་རིའི་རླངས་སྣུམ་མཛོད་ཁང་དུ་བཀར་འཇུག་བྱས་ཚད་1999ལོ་ནས་བཟུང་གི་ཆག་ཚད་ཆེ་ཤོས་བྱུང་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་གཡོ་འགུལ་ངང་ཡར་འཕར་ཞིང་། རྒྱལ་ནང་དུ་དཔྱད་གཞིར་འཛིན་པའི་རྡོ་སྣུམ་གྱི་རིན་གོང་འགྱུར་ཚད་ཆག་པ་ནས་འཕར་བར་གྱུར་པ་རེད། 
         ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་13ཉིན་གྱི་བར་དུ་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་བསྟུད་མར་ཐེངས་གསུམ་འཕར་བ་དང་། ཨ་རིའི་རྡོ་སྣུམ་WTIཟླ་བ་10པའི་དུས་བཅད་ཚོང་ཟོག་གི་མཐའ་མའི་རིན་གོང་2.22%འཕར་ཞིང་། ཟོམ་རེར་ཨ་སྒོར་49.30ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་། པུའུ་ལུན་ཐེ་རྡོ་སྣུམ་ཟླ་བ་11པའི་དུས་བཅད་ཚོང་ཟོག་གི་མཐའ་མའི་རིན་གོང་1.64%འཕར་ཞིང་། ཟོམ་རེར་ཨ་སྒོར་55.16ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
         ལུང་ཀྲུང་དཔྱད་ཡིག་ཆ་འཕྲིན་གྱི་ཚོད་རྩིས་བྱས་པར་གཞིགས་ན། ཟླ་9ཚེས་13ཉིན་གྱི་བར་དུ་དཔྱད་གཞིར་བཟུང་བའི་རྡོ་སྣུམ་གྱི་རིན་གོང་ཕྱོགས་བསྡུས་འགྱུར་ཚད་ནི་3.43%ཡིན་པ་དང་། སྔོན་རྩིས་བྱས་ན་འཁོར་ཡུན་འདིར་བལྟོས་ཟླའི་ངང་འཕར་བའི་ཚད་ཏུན་རེར་སྒོར་90ཡིན་པ་དང་། ཀྲུའོ་ཁྲོང་དཔྱད་ཡིག་ཆ་འཕྲིན་གྱིས་ཚོད་རྩིས་བྱས་པའི་བལྟོས་ཟླའི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཡར་འཕར་ཚད་ནི་ཏུན་རེར་སྒོར་80རེད།
         2017ལོར་སླེབས་རྗེས་རྒྱལ་ནང་སྣུམ་གྲུབ་མའི་རིན་གོང་འཕར་ཆག་ནི"ཐེངས་དྲུག་འཕར་ཞིང་ཐེངས་དྲུག་ཆག་ལ་ཐེངས་ལྔ་བར་ཆད་བྱུང"བའི་གནས་ཚུལ་ཆགས་པ་རེད། སྔ་ཕྱི་སྡེབ་རྩིས་བྱས་ནས་ཧྲེང་ལ་ཕབ་ནས་བརྩིས་ན།  རླངས་སྣུམ་89#ཧྲེང་རེར་སྒོར་0.255ཆག་པ་དང་། རླངས་སྣུམ་92#ཧྲེང་རེར་སྒོར་0.271ཆག་པ།  ཁྲའེ་ཡིའུ་སྣུམ་0#ཧྲེང་རེར་སྒོར་0.289ཆག་པ་རེད། གལ་ཏེ་ཐེངས་འདིའི་ཡར་འཕར་བ་དེ་དོན་ཐོག་ཏུ་འཁྱོལ་བ་ཡིན་ན། དེ་ནི་ལོ་འདིའི་ནང་གི་འཕར་བ་ཐེངས་བདུན་པ་རེད།
    ༄༅།།རྒྱལ་ནང་གི་སྣུམ་གོང་ལོ་འདིའི་ནང་དུ་ཐེངས་བདུན་པ་འཕར་རྒྱུ་ཡིན་པ་སྟེ་སྒམ་རེར་སྒོར་3
ནས་5བར་མང་བ་སྤྲོད་དགོས་པ།
      

    ཕྱོགས་བསྡུས་གསར་འགྱུར།