འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲོག་ཁུལ་གྱི་དྲ་མིག་དོ་དམ་ཞབས་ཞུ་ཁྱིམ་དུད་ལ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ང་ཚོའི་རྫོང་ལ་ཐེམ་ཁུངས་མི་འབོར་35742ཡོད། དེ་ནི་མི་འབོར་གྱི་གྲངས་གནས་གནད་འཁེལ་བྱུང་ཐེངས་དང་པོ་རེད”ཅེས་གཞུང་དོན་ཁང་གྱང་ངོས་སུ་བཀལ་བའི་དྲ་མིག་ཅན་དོ་དམ་ལས་དོན་གྱི་གྲུབ་ཆའི་མཚོན་བྱེད་དཔེ་རིས་ལ་མཛུབ་མོ་བཙུགས་བཞིན་དུ་དར་ལག་རྫོང་གི་རྫོང་ཨུད་ཧྲུའུ་ཅི་ཝུའུ་ཝེ་ཡིས་བརྗོད་ཅིང་། ཁོང་གིས“དྲ་མིག་257གྱི་དྲ་མིག་ལས་དོན་པ་420ཡིས་ཁྱིམ་དུད་རེ་རེ་བཞིན་དུ་ཞིབ་བཤེར་བྱེད་པར་སྐྱོད་ཀྱི་ཡོད”ཅེས་བརྗོད།
        མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པའི་དར་ལག་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་། དེའི་མངའ་འོག་གི་ཤང་དགུ་དང་གྲོང་རྡལ་གཅིག་ཚང་མ་ས་བབ་མཐོ་ཚད་སྨི་4200ཡན་གྱི་ཁུལ་དུ་གནས་ཡོད།
        “སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་གསར་གཏོད་དང་། སྤྱི་ཚོགས་བཅོས་སྐྱོང་བྱ་ཐབས་ལེགས་སུ་གཏོང་བར་ང་ཚོ་འབྲོག་ཁུལ་གྱིས་བཅོས་སྐྱོང་བྱེད་མཁས་པོ་བྱེད་དགོས”ཞེས་དཔོན་གནས་ཁུར་མ་ཐག་པའི་ཝུའུ་ཝེ་ཡིས་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་ཁྱབ་གདལ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད། “ཕྱོགས་བསྡུས་དོ་དམ་ལ་ཕན་པ་ཡོད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་ཕན་པ་ཡོད་པའི”རྩ་དོན་ལ་གཞིགས་ནས“ས་ཁོངས་སྦྲེལ་མཐུད་དང་། ཡུལ་སྲོལ་གཅིག་མཐུན། ཐོན་ཁུངས་མཉམ་སྤྱོད”བཅས་ཀྱི་བླང་བྱར་བརྩི་སྲུང་ཞུས་ནས་དར་ལག་རྫོང་གིས་སྲིད་འཛིན་གྲོང་ཚོ་ཁག་གཞི་རྩའི་ཚན་པར་བྱས་ཏེ“རྫོང་གི་འགོ་ཁྲིད་དང་། ཤང་གི་ལས་བྱེད་པ། གྲོང་ཚོའི་ལས་བྱེད་པ། ཧྲེ་ཀྲང་། དྲ་མིག་གི་འགོ་འཛིན”བཅས་རིམ་པ་ལྔའི་དོ་དམ་ལམ་སྲོལ་བཙུགས་ནས་དྲ་མིག་ནང་ཚུད་པའི་ཡུལ་མིར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ་དང་དོ་དམ་བྱེད་ཐུབ་ཡོད།
         “དྲ་མིག་ཅན་ནང་དྲ་མིག་དོ་དམ་པ་བཀོད་སྒྲིག་བྱེད་པའི་བྱེད་སྟངས་བརྒྱུད་འབྲོག་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་ཐུབ་པ་མ་ཟད། ད་དུང་བཅོས་སྐྱོང་བྱ་རྒྱུ་དེ་གཞི་རིམ་གྱི་ཕྱོགས་གང་སར་ཁྱབ་ཡོད”ཅེས་ཝུའུ་ཝེ་ཡིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།