འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་གསོ་སྦྱོང་བྱས་ཏེ་རྩལ་ནུས་གསར་པས་རེ་བ་གསར་པ་བསྒྲུབས་པར་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དར་རྒྱས་བྱམས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གཡང་འཁྱིལ་གྲོང་ཚོའི་མི་ཡིན་པ་དང་། རྫོང་གིས་གཉེར་བའི་རྩལ་ནུས་གསོ་སྦྱོང་བརྒྱུད་རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རག་ནས་ལས་ཀ་བརྟན་པོ་ཞིག་འཚོལ་ཐུབ་ཡོད།
         “རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ནས་རང་ལ་ཡིད་ཆེས་རྙེད་བྱུང་། ད་ཆ་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ལས་ཀ་ཡོད་པ་མ་ཟད། ཡོང་འབབ་དེ་སྔ་ལས་ལྡབ་འཕར་བྱུང་བས་གྲོང་ཁྱེར་དུ་ཁང་པ་ཉོ་ཐུབ་རེ་ཡོད”ཅེས་དར་རྒྱས་བྱམས་ཀྱིས་བཤད།
         འདི་ལོ་བྲག་དཀར་རྫོང་གིས་དཔལ་ཁ་གྲོང་རྡལ་དང་། ཆུ་སྔོན་གྲོང་རྡལ། ཆུ་ཚན་ཤང་། རྩི་གོར་ཐང་གྲོང་རྡལ་བཅས་ཀྱི་གྲོང་ཚོ་9ལ་ཀྲུང་རྒྱ་བཟས་བཟོ་སྟངས་དང་། རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བ། མི་རིགས་ཀྱི་ཞབས་བྲོ། རླངས་འཁོར་བཟོ་བཅོས། ཕར་ཆིན་སོགས་ཀྱི་འཛིན་གྲྭ་13བཙུགས་ནས་ཞིང་འབྲོག་པ་650ལ་གསོ་སྦྱོང་བྱས་པའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་146ཡོད་པ་དང་སྤྱིར་བཏང་གི་དབུལ་པོའི་ངལ་ནུས་217ཡོད་པ་རེད།
         གསོ་སྦྱོང་ལ་ཕན་འབྲས་དངོས་ཐོབ་ཆེད། བྲག་དཀར་རྫོང་གིས་ཞིང་ཆེན་དང་ཀྲོའུ་ཡི་ལས་རིགས་རྩལ་ནུས་གསོ་སྦྱོང་གསལ་འབྱེད་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་པ་གདན་དྲངས་ནས་གསོ་སྦྱོང་བྱ་ཡུལ་སློབ་མར་ཡིག་རྒྱུགས་བཏང་བ་དང་བཀོལ་སྤྱོད་བྱེད་སྟངས་ལ་གསལ་འབྱེད་བྱས་པས་གསལ་འབྱེད་ཚད་ལོན་ཚད་70%ཡན་ཟིན་པ་དང་སྦྲགས་གསོ་སྦྱོང་གི་ཚད་ལོན་ལག་ཁྱེར་650སྤྲད་ཡོད། གསོ་སྦྱོང་བྱ་ཡུལ་སློབ་མའི་སློབ་སྦྱོང་གི་ཉིན་གྲངས་གཞིར་བཟུང(མི་རེར་ཉིན་རེར་ཚད་གཞི་སྒོར་20ཡིན་པ)འཚོ་བའི་ཁ་གསབ་སྤྲད་པ་བསྡོམས་སྒོར་ཁྲི་56.7ཟིན་ཡོད། འཛིན་གྲྭ་ཚང་མར་ཉིན་30ནས་62བར་གྱི་གསོ་སྦྱོང་བྱས་པ་ལས་ཞིང་འབྲོག་མང་ཚོགས་དུས་ཐེངས་13པའི་གསོ་སྦྱོང་ལ་བློ་ཡིད་ཚིམས་པོ་བྱུང་ནས་གྲོང་ཚོ་ཨུ་ལྷན་ཁག་དང་རྒྱ་ཆེའི་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།