འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"གཙང་གསུམ་གྱི་ཆུ་འགོ། དྭངས་གཙང་གི་ཡུལ་ཤུལ"ཞེས་པ་པེ་ཅིང་གི་རིག་གནས་སྟོན་
    ཚོགས་སུ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'གཙང་གསུམ་གྱི་ཆུ་འགོ། དྭངས་གཙང་གི་ཡུལ་ཤུལ'ཞེས་པ་པེ་ཅིང་གི་རིག་གནས་སྟོན་
ཚོགས་སུ་ཞུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། "རིག་གནས་ཚན་རྩལ་མཉམ་བསྲེས་དང་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས"བརྗོད་གཞིར་བྱས་པའི་ཀྲུང་གོའི་པེ་ཅིང་གི་རྒྱལ་སྤྱིའི་རིག་གནས་གསར་གཏོང་ཐོན་ལས་གྱི་སྟོན་ཚོགས་སྐབས་བཅུ་གཉིས་པ་པེ་ཅིང་གི་འགྲེམས་སྟོན་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་སྟོན་ཚོགས་སུ་དམིགས་བསལ་ཁྱད་ལྡན་གྱི་རྣམ་པའི་ཐོག་ནས"གཙང་གསུམ་གྱི་ཆུ་འགོ། དྭངས་གཙང་གི་ཡུལ་ཤུལ"ཞེས་པ་བཀྲམས་ནས་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་པར་བྱས་ཡོད་པ་རེད།
          སྟོན་ཚོགས་སུ་ཞུགས་མཁན་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་པེ་ཅིང་རིག་གནས་སྟོན་ཚོགས་ཀྱི་ཡུལ་ཤུལ་ཁུལ་གྱི་འགྲེམས་སྟེགས་ནི་སྟོན་ཚོགས་ལྟེ་གནས་ཀྱི་ཨང་8པའི་Aཁང་དུ་ཡོད་ལ། དུས་ཡུན་ཉིན་གསུམ་གྱི་སྟོན་ཚོགས་རིང་། ཡུལ་ཤུལ་ཁུལ་གྱིས་ཕྱོགས་བསྡུས་ངང་ཡུལ་ཤུལ་ཁུལ་གྱི་ཁྱད་ལྡན་མི་རིགས་རིག་གནས་ཀྱི་ཐོན་རྫས་དཔེར་ན། ནང་ཆེན་རྫ་ནག་དང་། འཛོམས་ཉག་གི་ཐང་ག ལག་བཟོས་ཐོན་རྫས། ཡུལ་སྐོར་རྗེས་དྲན་རྟེན་དངོས་ཟོག ཆོས་ལུགས་ཐོན་རྫས། ངོ་འབག ཡིག་གཟུགས་བརྩམས་ཆོས་སོགས་ཡོད་པ་རེད།
          སྟོན་ཚོགས་སུ་ཞུགས་རིང་། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཚོས་ཡུལ་ཤུལ་ཁུལ་གྱི་བོད་མི་རིགས་ཀྱི་དམངས་སྲོལ་རིག་གནས་ལ་ཆ་རྒྱུས་ཟབ་མོ་ཡོང་བར་བྱ་ཆེད། ཡུལ་ཤུལ་གྱི་འགྲེམས་ཞུགས་ཚོགས་པ་ཡིས་ཡུལ་དངོས་སུ་གཏེར་ཚོན་རྡུང་བཏག་དང་། ཐང་ག་གསར་བཞེངས། བོད་ལུགས་ངོ་འབག་བཟོ་བ། བོད་ལུགས་རྫ་ནག་བཟོ་བ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་ཐད་ཀར་ཡུལ་ཤུལ་ཁུལ་གྱི་མི་རིགས་རིག་གནས་གཏིང་ཟབ་སྒོ་ནས་ངོམས་སྟོན་བྱས་པ་རེད། མི་རིགས་གླུ་གར་ཚོགས་པས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁམས་པའི་རྒྱན་གོས་བསྣམས་ནས་གུས་ཞབས་མ་བྱས་པ་མ་ཟད། ཡུལ་ཤུལ་གྱི་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་བཀོད་སྒྲིག་བྱས་ཡོད་པས། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཚོང་མགྲོན་དང་གཟིགས་མོ་བའི་ཡིད་དབང་བཀུག་ནས་བྲལ་བར་མི་འདོད་པར་བྱས་ཡོད་པ་རེད།
           པེ་ཅིང་རིག་གནས་སྟོན་ཚོགས་ནི་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་རང་བཞིན་གྱི་ཕྱོགས་བསྡུས་རིག་གནས་ཐོན་ལས་ཉོ་འཚོང་སྟོན་ཚོགས་ཤིག་ཡིན་པའི་ཆ་ནས། རིག་གནས་གསར་གཏོད་ལས་གཞི་དང་ཐོན་རྫས་ཐོན་སྐྱེད་ཞིབ་འཇུག འགྲེམས་ཞུགས་བྱེད་སྒོའི་ཇུས་འགོད་དང་འགྲེམས་སྟོན་ཁྲོད་དུ། ཆེད་ལས་ཀྱི་ཆུ་ཚད་མཐོ་བ་དང་ཚད་ལྡན་རང་བཞིན་གྱི་ཆུ་ཚད་མཐོན་པོ་ཡོད་པ་བསྟན་ཡོད། ཤེས་རྟོགས་བྱུང་གསལ་དུ། ཡུལ་ཤུལ་ཁུལ་རིག་གནས་ཅུད་ཀྱིས་མུ་མཐུད་འཚོལ་སྙེགས་བྱས་ཏེ་རིག་གནས་དེ་སྲོལ་རྒྱུན་གྱི"ནང་རོལ་འཛད་སྤྱོད"རྣམ་པ་ལས་བརྒལ་དུ་བཅུག་ནས་གསར་གཏོད་ཀྱི་བསམ་བློར་སློབ་སྦྱོང་དང་སྒྱུར་བཅོས་བྱས་ནས་རིག་གནས"གསོན་ཤུགས་རྒྱས་པར"བྱས་ཡོད་ལ། ཡུལ་ཤུལ་གྱི་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཀྱི་རིག་གནས་ཕྱི་ཕྱོགས་ལ་བགྲོད་པར"རོགས་འདེགས་ཆེན་པོ"བྱེད་ཀྱི་ཡོད་པ་རེད།
    ༄༅།།'གཙང་གསུམ་གྱི་ཆུ་འགོ། དྭངས་གཙང་གི་ཡུལ་ཤུལ'ཞེས་པ་པེ་ཅིང་གི་རིག་གནས་སྟོན་
ཚོགས་སུ་ཞུགས་པ།
    ༄༅།།'གཙང་གསུམ་གྱི་ཆུ་འགོ། དྭངས་གཙང་གི་ཡུལ་ཤུལ'ཞེས་པ་པེ་ཅིང་གི་རིག་གནས་སྟོན་
ཚོགས་སུ་ཞུགས་པ།
    ༄༅།།'གཙང་གསུམ་གྱི་ཆུ་འགོ། དྭངས་གཙང་གི་ཡུལ་ཤུལ'ཞེས་པ་པེ་ཅིང་གི་རིག་གནས་སྟོན་
ཚོགས་སུ་ཞུགས་པ།
    ༄༅།།'གཙང་གསུམ་གྱི་ཆུ་འགོ། དྭངས་གཙང་གི་ཡུལ་ཤུལ'ཞེས་པ་པེ་ཅིང་གི་རིག་གནས་སྟོན་
ཚོགས་སུ་ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།