འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱས་པ་བསྒྲུབ་རྒྱུར་སྤྲད་པ་དང་ལྟ་བཤེར་
    ཞོར་དུ་དག་ཐེར་ཡོངས་བསྒྲགས་ཀྱི་གནས་ཚུལ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ཁག་ཉེར་དགུ་བའི་གྱོད་གཞི་41རྩིས་སྤྲོད་བྱས་པ་རེད། མིག་སྔའི་བར་དུ། རིམ་རྩིས་བྱས་ན་གྱོད་གཞི་912བསྒྲུབ་རྒྱུར་སྤྲད་པ་དང་། གྱོད་གཞི་731གྱོད་ཐག་བཅད་པའི་ནང་གསར་དུ་འཕར་བའི་གྱོད་ཐག་གཅོད་རྒྱུའི་གྱོད་གཞི་41ཡོད་པ་རེད།
           ཁྱོན་མི་198ལ་སྐོང་འདྲི་བྱས་པ་དང་། མི་135ཡི་འགན་འཁྲི་བདའ་འདེད་བཏང་བ། ཁེ་ལས་665ལ་བཅོས་སྒྲིག་བྱ་རྒྱུའི་བཀའ་བཏང་བ་དང་། ཁེ་ལས་586ལ་གྱོད་ཐོ་བཀོད་ནས་དངུལ་ཆད་སྒོར་ཁྲི་1770.73བཏང་བ། མི་1སྲིད་འཛིན་བཀག་ཉར་བྱས་པ་རེད།
           བཀོད་སྒྲིག་ལྟར་ན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པ་བོད་ལྗོངས་སུ་ཟླ་བ་གཅིག་ཙམ་བཅའ་སྡོད་བྱ་རྒྱུ་ཡིན་པ་དང་། ལྟ་བཤེར་ཚོགས་ཆུང་བཅའ་སྡོད་བྱེད་རིང་(ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར)ཆེད་དམིགས་ལས་རེས་ཁ་པར། 0891—6515000དང་། ཆེད་དམིགས་སྦྲག་སྲིད་ཡིག་སྒམ། ལྷ་ས་གྲོང་ཁྱེར་སྦྲག་སྲིད་ཡིག་སྒམ་ཨང་0003བཙུགས་ཡོད། ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་གོང་ཞུའི་ཁ་པར་ལེན་པའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་9:00 — 21:00བར་རེད།
      

    ཕྱོགས་བསྡུས་གསར་འགྱུར།