འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ཉིན་8ལ་མྱུར་བགྲོད་གཞུང་ལམ་དུ་གླ་རིན་མི་དགོས་
    པར་བསྐྱོད་ཆོག 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ཉིན་8ལ་མྱུར་བགྲོད་གཞུང་ལམ་དུ་གླ་རིན་མི་དགོས་
པར་བསྐྱོད་ཆོག 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གི་བརྡ་སྦྱོར་ལ་གཞིགས་ན། 2017ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་བཀོད་སྒྲིག་གཤམ་འོག་ལྟར་ཏེ། ཟླ་10ཚེས་1ཉིན་(གཟའ་ཉི་མ་)ནས་ཟླ་10ཚེས་8ཉིན་(གཟའ་ཉི་མ་)བར་ངལ་གསོ་བཀོད་སྒྲིག་བྱས་ཡོད་པ་དང་། ཁྱོན་བསྡོམས་ཉིན་8ཡོད་པ་རེད། ཟླ་9ཚེས་30ཉིན་(གཟའ་སྤེན་པ་)ཉིན་ལས་འགོ་ཚུགས་དགོས་པ་དང་། རྒྱལ་སྟོན་དང་ཟླ་མཆོད་རིང་ལ་མྱུར་བགྲོད་ལམ་དུ་གླ་རིན་མི་དགོས་པར་བསྐྱོད་ཆོག་པ་དེ་སྔ་ལོ་ལས་ཉིན་གཅིག་གི་མང་བ་དང་། དུས་ཡུན་ནི་ཟླ་10ཚེས་1ཉིན་གྱི་ཆུ་ཚོད་00:00ནས་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་24:00བར་ཡིན་པ་དང་། གཞན་ཡང་།  ETCགི་རླངས་འཁོར་གཞུང་ལམ་དུའང་གླ་རིན་མི་དགོས་པར་བསྐྱོད་ཆོག་པ་རེད། 
          མྱུར་བགྲོད་གཞུང་ལམ་དུ་ཉིན་8རིང་ལ་གླ་རིན་མི་དགོས་པ།
          དུས་ཡུན་ནི་ཟླ་10ཚེས་1ཉིན་གྱི་ཆུ་ཚོད་00:00ནས་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་24:00བར་ཡིན། རླངས་འཁོར་རྐུབ་བཀྱག་7(7ནང་ཚུད་)མན་གྱི་སྐུ་མགྲོན་རླངས་འཁོར་དང་དེ་བཞིན་དུ་གླ་རིན་བསྡུ་བཞིན་པའི་གཞུང་ལམ་དུ་བསྐྱོད་པའི་སྦག་སྦག་སྤྱིར་བཏང་བ་ཡིན། 
          གླ་རིན་མི་དགོས་པའི་དུས་ཡུན་ནི་རླངས་འཁོར་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁ་དོན་ཡུལ་གྱི་གླ་རིན་བསྡུ་སའི་དུས་ཚོད་ཚད་གཞིར་འཛིན་རྒྱུ་དང་། སྤྱི་བཏང་གི་མྱུར་བགྲོད་གཞུང་ལམ་ནི་རླངས་འཁོར་གྱི་གླ་རིན་བསྡུ་སར་འཛུལ་ཡུལ་ ལམ་ཁའི་དུས་ཚོད་ཚད་གཞིར་བྱེད་པ་རེད། 
          མདོར་ན། གླ་རིན་བསྡུ་བའི་དུས་སྐབས་སུ་མྱུར་བགྲོད་ལམ་དུ་སྐྱོད་པ་དང་། གླ་རིན་མི་བསྡུ་བའི་སྐབས་སུ་མྱུར་བགྲོད་ལམ་དུ་ལས་དོན་ན། གླ་རིན་མི་བསྡུ་ཞིང་། དེ་ལས་ལྡོག་ཏེ། གླ་རིན་མི་བསྡུ་བའི་དུས་སུ་མྱུར་བགྲོད་གཞུང་ལམ་དུ་སྐྱོད་པ་དང་། གླ་རིན་བསྡུ་བའི་དུས་སུ་མྱུར་བགྲོད་གཞུང་ལམ་ནས་དོན་ན། གླ་རིན་བསྡུ་རྒྱུ་ཡིན་པ་རེད། 
    ETCབེད་སྤྱོད་མཁན་ཚོས་ETCཡི་ལམ་བུར་སྤྱོད་ན་བཟང་བའི་གྲོས་འགོ་འདོན་རྒྱུ་ཡིན། 
          འགྲུལ་སྐྱེལ་རླངས་འཁོར་ཆུང་རིགས་ལ་གླ་རིན་མི་བསྡུ་བའི་དུས་ཚོད་ནང་། གླ་རིན་བསྡུ་བའི་ས་ཚིགས་ཁག་གིས་འགྲུལ་སྐྱེལ་རླངས་འཁོར་ཆུང་རིགས་ལ་གཱ་མི་སྤྲོད་པར་འཕྲེད་རྒྱུག་བསླངས་ནས་གློད་རྒྱུ། གླ་རིན་མི་བསྡུ་བའི་དུས་སུ་ETCརླངས་འཁོར་གྱི་ལམ་བུ་རྒྱུན་ལྡན་བཞིན་བེད་སྤྱོད་རྒྱུ་མ་ཟད། ETCསྒྲིག་ཆས་བསྒར་བའི་རླངས་འཁོར་ཆུང་རིགས་ལ་གླ་རིན་མི་བསྡུ་བར་གློད་རྒྱུ་དང་། འཁོར་ལམ་བརྙན་ཤེལ་དུ་གླ་རིན་མ་བསྡུས་པ་མངོན་གྱི་རེད། དེར་བརྟེན། ETCབེད་སྤྱོད་མཁན་གྱིས་ETCའཁོར་ལམ་བེད་སྤྱོད་གང་ཐུབ་བྱས་ནས་བགྲོད་ཐབས་བྱས་ཏེ། གླ་རིན་བསྡུ་བའི་ས་ཚིགས་སུ་འཚང་ཁ་མི་ཡོང་བར་བྱེད་དགོས། 
          འགྲིམ་འགྲུལ་བདེ་འཇགས་ཡོང་བར་བྱེད་པའི་དྲན་སྐུལ།
          1.མྱུར་བགྲོད་གཞུང་ལམ་དུ་ཛ་དྲག་རླངས་འཁོར་བགྲོད་ལམ་བཀག་མི་ཆོག
          2.ཞབས་ཞུའི་ཁུལ་ཏུ་དུས་ཡུན་རིང་པོར་སྡོད་མི་རུང་བའི་གྲོས་འགོ་འདོན་རྒྱུ་ཡིན། 
          3.མ་ཐོན་གོང་ལ་འཁོར་ལོ་འཐོལ་པ་དང་། ལག་ཆ་སོགས་པ་ཚང་མིན་བཤེར་དགོས།
          4. ལམ་ཁ་བསྒྱུར་སྐབས་བརྡ་སྟོན་གློག་སྤོར་དགོས་པ་དང་།བདེ་འཇགས་ཡིན་པ་གཏན་འཁེལ་བའི་རྗེས་སུ་བསྐྱོད་དེ་མཇུག་རྡུང་མི་འཁེལ་བར་བྱེད་དགོས། 
         5. རླངས་འཁོར་སོ་སོའི་བར་དུ་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བར་བྱེད་དགོས།
         6.འཚང་ཁ་ཆེ་བའི་སྐབས་སུ་འགྲུམ་བཞུད་དང་ལམ་ཐིག་དུས་ཐོག་ཏུ་བསྒྱུར་དགོས། 
    ༄༅།།རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ཉིན་8ལ་མྱུར་བགྲོད་གཞུང་ལམ་དུ་གླ་རིན་མི་དགོས་
པར་བསྐྱོད་ཆོག 
      

    ཕྱོགས་བསྡུས་གསར་འགྱུར།