འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཕ་རི་སི་དང་ལུའོ་ཧྲན་ཅི་སོ་སོར་2024ལོ་
    དང་2028ལོའི་ཨོ་རྩལ་འགྲན་ཚོགས་སྤེལ་སའི་གྲོང་ཁྱེར་རུ་
    གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཕ་རི་སི་དང་ལུའོ་ཧྲན་ཅི་སོ་སོར་2024ལོ་
དང་2028ལོའི་ཨོ་རྩལ་འགྲན་ཚོགས་སྤེལ་སའི་གྲོང་ཁྱེར་རུ་
གཏན་འཁེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱིས་ཕེ་རུའི་རྒྱལ་ས་ལི་མ་རུ་འཚོགས་པའི་སྐབས་131པའི་ཚང་འཛོམས་གྲོས་ཚོགས་ཐོག མཇུག་མཐར་ཕ་རི་སི་རུ་2024ལོའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་སྤེལ་རྒྱུ་དང་། ལུའོ་ཧྲན་ཅི་རུ་2028ལོའི་ཨོ་རྩལ་འགྲན་ཚོགས་སྤེལ་རྒྱུ་གཏན་འཁེལ་བྱས་པ་རེད།
         ཉིན་དེར་འཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ། རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱིས་ལག་པ་བརྐྱངས་ནས་དེ་སྔོན་རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་དང་། ཕ་རི་སི། ལུའོ་ཧྲན་ཅི་བཅས་ཕྱོགས་གསུམ་པོས་ཐུན་མོང་ཐོག་ཆིངས་ཡིག་བཞག་པར་གྲོས་འཆམ་བྱུང་བ་རེད། རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡིས། ཨོ་རྩལ་ཨུ་ལྷན་ནས་དུས་གཅིག་ཏུ་ཕ་རི་སི་དང་ལུའོ་ཧྲན་ཅི་སོ་སོར་2024ལོའི་སྐབས་33པ་དང་2028ལོའི་སྐབས་34པའི་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྤེལ་སའི་གྲོང་ཁྱེར་དུ་བདམས་པའི་ཁྱབ་བསྒྲགས་བྱས་པ་རེད། 
         དེའི་རྗེས་སུ། པཱ་ཧོ་ཡིས་རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱི་ཨུ་ཡོན་ཧོང་སི་མཱན་དང་མཉམ་དུ། སོ་སོར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་འཚོགས་རེ་ཞུ་བའི་ཨུ་ལྷན་དང་ལུའོ་ཧྲན་ཅི་ཨོ་རྩལ་འགྲན་ཚོགས་འཚོགས་རེ་ཞུ་བའི་ཨུ་ལྷན་གྱི་ཀྲུའུ་ཞི་དང་། དེ་བཞིན་གྲོང་ཁྱེར་གཉིས་ཀྱི་འགོ་འཛིན་དང་ལྷན་དུ་2024ལོ་དང་2028ལོའི་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྤེལ་སའི་གྲོང་ཁྱེར་གྱི་ཆིངས་ཡིག་ལ་མིང་རྟགས་བཀོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།