འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལན་ཀྲོའུ་སློབ་ཆེན་གྱིས་ནུབ་རྒྱུད་དུ་གཞི་ཚུགས་ནས་འབྲས་བཟང་གཏོད་གང་ཐུབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མཐོ་སློབ་ནང་ལན་ཀྲོའུ་སློབ་ཆེན་ནི་བྱས་རྗེས་ངོ་མཚར་ཅན་འཇོག་མཁན་ཞིག་ཡིན་ཞིང་། ནུབ་བྱང་ཁུལ་དུ་ཆགས་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་དང་བར་ཐག་རིང་བ། སྔར་ནས་བཟུང་ཤེས་ལྡན་མི་སྣ་ཉར་མི་ཐུབ་པ་དང་། གྲོན་དངུལ་མི་འདང་བ། སློབ་མའི་ཡོང་ཁུངས་ཀྱི་སྤུས་ཚད་བཅས་ཀྱི་དཀའ་ངལ་འཕྲད་ཡོད། ལོ་བརྒྱའི་རིང་དཀའ་ངལ་མང་པོ་ཞིག་འཕྲད་རུང་ལན་ཀྲོའུ་སློབ་ཆེན་སྔར་ནས་ད་བར་ཀྲུང་གོའི་སློབ་ཆེན་རྩེ་གྲའི་གྲས་སུ་ཚུད་ཡོད།
         “འབད་བརྩོན་ལྷོད་མེད་ཀྱིས་རང་ལུགས་གསར་གཏོད་བྱེད”ཐག་རིང་ལུང་ཁུག་ཏུ་གནས་རུང་ལོ་བརྒྱ་སོང་བའི་གྲགས་ཅན་སློབ་གྲྭ་ཡིན་པའི་ལན་ཀྲོའུ་སློབ་ཆེན་ལ་སྤོབས་པ་བྱེད་རིན་ཡོད། ལན་ཀྲོའུ་སློབ་ཆེན་ལ་དགེ་རྒན་གྱི་ཀུན་སྤྱོད་བཟང་ལ་ལས་སྒོ་བྱང་ཆུབ་པའི་འཇོན་ཐང་ཅན་ཁག་གཅིག་ཡོད། ཁོང་རྣམས་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གནང་ཡོད། 1999ལོ་ནས་ད་བར་ལན་ཀྲོའུ་སློབ་ཆེན་ནས་ཐོན་པའི་སློབ་མ་17སྔ་རྗེས་སུ་ཡོན་ཧྲེར་བདམས་པ་རེད། དེའི་ནང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་དགེ་རྒན་ཆེ་མོ་བ་ལི་ཅི་ཅུན་གྱི་དགེ་སློབ་མི་རབས་གསུམ་གྱིས་སའི་གོ་ལའི“སྣེ་གསུམ་པར”(མཚོ་བོད་ས་མཐོ་དང་། ལྷོ་སྣེ། བྱང་སྣེ)ཚན་རིག་རྟོག་ཞིབ་བྱེད་པར་བསྐྱོད་སྟབས། སློབ་གསོའི་ལས་རིགས་ཀྱི་གཏམ་བཟང་དུ་གྱུར་ཡོད། 2016ལོར་སློབ་གྲོགས་ཡོན་ཧྲེ་ཡའོ་ཐན་ཏུང་ལ“ས་ཁམས་རིག་པའི་ནོ་པེར་བྱ་དགར”གྲགས་པའི་ཝེ་ཅ་བྱ་དགའ་ཐོབ་པ་དང་དེ་ནི་མཚན་སྙན་དེ་ཐོབ་པའི་ཨེ་ཤེ་ཡའི་ཚན་རིག་མཁས་ཅན་ཐོག་མ་དེའང་རེད།
         “ན་ནིང་ཚུན་དུ་ང་ཚོས་ལན་ཀྲོའུ་སློབ་ཆེན་གྱི‘རྒྱུད་གཅིག་ལམ་གཅིག’གི་ཞིབ་འཇུག་ལྟེ་གནས་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞིབ་འཇུག་ཁང་བཙུགས་ནས་ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་སྔར་བས་དམིགས་ཏེ་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ཚན་རྩལ་གྱི་དཀའ་གནད་གལ་ཆེན་ཐག་གཅོད་ཏན་ཏིག་བྱས་པས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་ལན་ཀྲོའུ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཀྲན་ཐིང་གིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།