འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དཔལ་འབྱོར་ལོ་24བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་
    འཁྱོངས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་དཔལ་འབྱོར་ལོ་24བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་པས། མི་གཞན་གྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་སྟངས་གསར་པ་འཛིན་གྱི་ཡོད།
         འདི་ལོའི་ལོ་སྟོད་དུ་འཕེལ་ཚུལ་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཅིང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་555.41ཟིན་པ་དེ་དུས་མཚུངས་ལས་10.8%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་15292དང་སྒོར་3210ཟིན་པ་དེ་དུས་མཚུངས་ལས་སོ་སོར་10%དང་13.9%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་39.52ཟིན་པ་དེ་དུས་མཚུངས་ལས་14.1%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་240.05ཟིན་པ་དེ་དུས་མཚུངས་ལས་14.2%འཕར་ཡོད་པ་རེད།
         རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ“མཆོང་སྐྱོད་ཆེན་པོ”བྱུང་བ།
         འདས་ཟིན་པའི་ལོ་5ཡི་རིང་བོད་ཀྱིས་དམངས་འཚོ་ལེགས་གཏོང་དང་། ཐོན་ཁུངས་གསར་སྤེལ། ཐོན་ལས་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་བཅས་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད།
         ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་2011ལོའི་སྤྱི་ལེ་ཁྲི་6.31ནས་2016ལོའི་སྤྱི་ལེ་8.21བར་རིང་དུ་ཕྱིན་ནས་རིང་དུ་འགྲོ་ཚད་30%ཟིན་པ་དང་། རྒྱལ་ཁབ་ཕྱི་ནང་དུ་སྐྱོད་པའི་མཁའ་ལམ་72ཟིན་པ་དང་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་41ཟིན་པ། རྫམ་དང་། རྡོ་ཕུག མགོན་མདོ་བཅས་ཆུ་ཤུགས་གློག་ཁང་དང་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་སྤྱོད་འགོ་ཚུགས་ནས་ཕྱིར་གཏོང་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་8.24ཟིན་པ་དང་འཕར་ཚད་ལྡབ་1.5ཟིན་ནས་ཕྱི་ཕྱོགས་ལ་ཐོག་མར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2མངོན་འགྱུར་བྱུང་ཡོད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད་3གྱི་འགྲིམ་འགྲུལ་འཁོར་རྒྱ”ཧུར་ཐག་བཏོད་དེ་རྒྱལ་ལམ་རིམ་མཐོ་ཅན་དང་གྲོང་གསེབ་གཞུང་ལམ་དྲ་བ་ཅན་དུ་བསྐྲུན་རྒྱུ་རེད། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་11ཟིན་པ་དང་། རིམ་གསུམ་ཡན་གྱི་གཞུང་ལམ་གྱི་སྡུར་གྲངས་65%ཟིན་པ། རྫོང་ཡོངས་སུ་སྣུམ་ནག་ལམ་ཤར་གཏོང་དང་། ཤང་དང་གྲོང་རྡལ་ཚང་མ་དང་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱ་རྒྱུ་རེད།
         ཞིང་འབྲོག་པས“ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི”ལམ་དུ་བསྐྱོད་པ།
         2016ལོར་ལྗོངས་ཡོངས་ཀྱི་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་330ཡན་ཟིན་ནས་ལྗོངས་ཡོངས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་ནང་བཟུང་བའི་སྡུར་གྲངས་29%བཟུང་ཡོད།
         ཡུལ་སྐོར་བ་ཟམ་མི་ཆད་པར་ཡོང་བ་དང་ཆབས་ཅིག་ཡུལ་སྐོར་ལས་རིགས་ལ་ཞུགས་པའམ་ཡང་ན་ཡུལ་སྐོར་བྱ་གཞག་གཉེར་མཁན་ཞིང་འབྲོག་པ་ཇེ་མང་དུ་འགྲོ་བཞིན་ཡོད། 2016ལོར་བོད་ཀྱིས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་2315ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་14.7%འཕར་ཡོད། ཞིང་འབྲོག་པ་ཁྲི་10ལྷག་ཙམ་ལ་ཡུལ་སྐོར་གྱི་ཡོང་འབབ་བྱུང་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད།
         བོད་ལྗོངས་ཀྱི་ཐོན་རྫས“སྤུས་ལེགས་ཚོང་རྟགས”སུ་གྱུར་པ།
         ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་བོད་ཀྱིས་ཁྱད་ལྡན་ལེགས་ལྡན་ཐོན་ལས“འགོ་འཛུགས་ས་མཐོ་བ་དང་། གཞི་ཁྱོན་ཅན། སྦྲེལ་ཐག་རིང་བ”བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ཞིང་། “ཨེ་མ་སྒང”གི་ཞོག་ཁོག་དང་། “ཡར་ཀླུང”གི་བོད་སྒོང་། “གམ་པའི”ལུག “གཙང་ཡོན”ནས་ཆང་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཁག་གཅིག་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། བོད་ཀྱི་ནས་ཀྱི་སྦི་རག་དང་། བདུད་རྩི་རྟགས་ཅན་གྱི་བོད་སྨན། བོད་ཀྱི་ཆུ་བཟང་སོགས་ནུས་སྟོབས་ཆེ་བའི་སྤུས་རྟགས་སྣེ་འདྲེན་ཁེ་ལས་ཁག་གཅིག་འབུར་དུ་ཐོན་ཡོད། ཁྱད་ལྡན་ཐོན་ལས་དེ་དག་གིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་བ་དང་དུས་མཚུངས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།