འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་དར་ལྷབ་ལྷུབ་གཡོ། དཔའ་ངར་ལྷག་པར་བསྐྱེད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་པ་དང་། བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་ཏང་འཛུགས་སྐྱོང་དང་གོམ་སྟབས་གཅིག་མཚུངས་ངང་འཕེལ་རྒྱས་འགྲོ་བ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
         “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན་བོད་ཀྱི་རྩ་འཛུགས་སྡེ་ཚན་གྱིས་དོན་དངོས་ནས་འགོ་ཚུགས་པ་དང་བཀོད་སྒྲིག་དང་ལག་ལེན་གྱི་གཞི་རྟེན་གསར་གཏོད་བྱས་ནས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི”སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་བ་དང“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་འགྲིག་པའི”བྱེད་སྒོ་རྒྱ་ཁྱབ་སྤེལ་བ་མ་ཟད། ལས་གནས་ལ་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའང་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།
         ལྗོངས་ཡོངས་ཀྱི་ཏང་ཡོན་ཁྲི་34.6གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱེད་བཞིན་ཡོད།
         2011ལོ་ནས་བཟུང་། བོད་ཀྱིས་སྔ་རྗེས་སུ་ཁག་6གི་ལས་ཁུངས་ཀྱི་ཕུལ་བྱུང་ལས་བྱེད་པ་ཁྲི་13ལྷག་ཙམ་ལྗོངས་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན་5000ལྷག་ཙམ་ལ་བཏང་ནས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཁག་ལྔ་པའི་གྲོང་སྡོད་ལས་དོན་རུ་ཁག་ཁོ་ནས་གྲོང་ཚོ་དང་གྲོང་ལྷན་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁྲི་1.8གསལ་པོ་བཟོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཁག་8000ལྷག་ཙམ་ལག་བསྟར་བྱས་པ། རྣམ་གྲངས་5400ལྷག་ཙམ་ལེགས་གྲུབ་བྱས་ཡོད། ད་ཆ“ལས་ཀ་ཡོད་ཚེ་གྲོང་སྡོད་ལས་དོན་རུ་ཁག་འཚོལ་བར་འགྲོ”ཞེས་པ་དེ་རྒྱ་ཆེའི་ཞིང་འབྲོག་པའི་ཁ་རྒྱུན་དུ་གྱུར་ཡོད།
         “སྟག་སྦྲང”མཉམ་དུ་རྡུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱིས་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་21ལ་ཐོ་འགོད་ཞིབ་བཤེར་བྱས་པ་དང་གྱོད་དོན་ཐག་གཅོད་བྱས་ཟིན་པའི་གྱོད་གཞི་ལས་མི་19ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་ཙག་ཙིག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སྒྱིད་ལུག་རྣམ་གཡེང་དང་། འགན་མི་འཁུར་བ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་མཐའ་འཁྱོངས་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།