འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་ཤུགས་བཟོ་པས་ས་བབ་སྨི་3900ཡི་སར་གནས་པའི་བོད་ཀྱི་དགོན་སྡེའི་དགེ་འདུན་
    པར་ཞབས་འདེགས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གློག་ཤུགས་བཟོ་པས་ས་བབ་སྨི་3900ཡི་སར་གནས་པའི་བོད་ཀྱི་དགོན་སྡེའི་དགེ་འདུན་
པར་ཞབས་འདེགས་ཞུས་པ།
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཁོངས་ཀྱི་ས་བབ་སྨི་3900ལྷག་ཙམ་སར་ཆགས་པའི་རི་རྡོ་དགོན་རྒྱུན་དུ་ཉི་ནུས་ལ་བརྟེན་ནས་མུན་པ་བསལ་བར་བྱེད་དགོས་ཀྱི་ཡོད། གལ་སྲིད་གནམ་འཐིབས་ནས་ཆར་པ་འབབ་ཚེ་རྟག་ཏུ་གློག་ཆད་ཀྱི་ཡོད། དགོན་སྡེའི་དགེ་འདུན་པ་ཚོར་གློག་བརྟན་པོ་ཡོང་ཆེད་རྒྱལ་ཁབ་གློག་དྲ་ཀུང་སིས་འདི་ལོ་མ་དངུལ་སྒོར་ཁྲི་30ལྷག་ཙམ་བཏང་ནས་ས་བབ་སྨི་3480སར་གློག་ཤིང་24བཙུགས་པ་དང་ཆེད་སྤྱོད་གློག་སྐུད་སྨི་1500ཡི་ལ་རྩེར་འཁྲིད་ནས་དགོན་སྡེ་ཁོ་ནར་དབང་བའི་ཆན་ཕུའུ་50ཟིན་པའི་གློག་སྒྱུར་གནོན་ཆས་ཤིག་སྒྲིག་སྦྱོར་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།