འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་གཉེར་མ་རྩའི་མ་རྐང་ཚོད་འཛིན་གྱི་མྱུར་བགྲོད་ལྕགས་ལམ་དང་པོའི་རྣམ་གྲངས་
    ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་13ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། ཀྲུང་གོའི་དམངས་གཉེར་མ་རྩའི་མ་རྐང་ཚོད་འཛིན་གྱི་མྱུར་བགྲོད་ལྕགས་ལམ་དང་པོ་སྟེ་ཧང་ཀྲོའུ་ནས་ཧྲའོ་ཤིན་དང་། དེ་ནས་ཐའེ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་PPPརྣམ་གྲངས་ལ་ཀྲེ་ཅང་ཧང་ཀྲོའུ་རུ་མིང་རྟགས་བཀོད་ཅིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་409གཏོང་རྩིས་ཡོད་པའི་ནང་། ཧྥུའུ་ཤིན་ཚོགས་པས་སྣེ་ཁྲིད་དེ་བཙུགས་པའི་དམངས་གཉེར་མཉམ་འབྲེལ་སྒྲིག་གཞིས་མ་རྐང་51%བཟུང་ཡོད། དམངས་ཁྲོད་མ་རྩས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་མ་འཇོག་མཉམ་འདྲེས་བྱེད་པའི་ཁྱབ་ཁོངས་ནང་མ་རྐང་ལ་ཚོད་འཛིན་བྱེད་ཐེངས་དང་པོ་ཡིན་པ་དེས་དུས་ཡུན་རིང་མོའི་ནང་ལྕགས་ལམ་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་དམངས་གཉེར་གྱི་སྤྱི་ཚོགས་མ་འཇོག་ལ་ཚོད་འཛིན་བྱེད་པའི“བཀག་རྒྱ”མེད་པ་བཟོས་པས་རང་རྒྱལ་གྱི་ལྕགས་ལམ་སྒྱུར་བཅོས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
        ཧང་ཀྲོའུ་ནས་ཧྲའོ་ཤིན་དང་། དེ་ནས་ཐའེ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ལ་རིང་ཚད་སྤྱི་ལེ་269ཡོད་པ་དང་ཆུ་ཚོད་རེར་སྤྱི་ལེ་350ཇུས་འགོད་བྱས་ཡོད་པ་2021ལོར་སླེབས་སྐབས་བསྐྲུན་ནས་སྤྱོད་ཐུབ་བཟོ་ཡོད། དེ་ནི་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་མ་རྩ་ཐེངས་དང་པོ་སྤྱད་པའི་ལྕགས་ལམ་དཔེ་སྟོན་རྣམ་གྲངས་བརྒྱད་ཀྱི་གྲས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།