འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའེ་ཙེ་རྫོང་གིས་དབུལ་སྐྱོར་བྱ་རྒྱུ་དེ་དུད་ཚང་དང་མི་ཐོག་ཏུ་དོན་འཁྱོལ་བྱས་པ།

    དུད་ཚང་དབུལ་པོས་རང་མོས་ངང་མ་རྐང་ནང་ཞུགས་ཤིང་མཉམ་ལས་ཁང་གིས་དུས་བཀག་ཐོག་དངུལ་སྨར་བགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཧུའེ་ཙེ་རྫོང་དེ་ཨུ་མོང་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་གནས་པ་དང་། 2016ལོར་མི་འབོར་བཞི་ཆ་གཅིག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་གཏོགས་ཤིང་། མི་འབོར་དབུལ་པོའི་བསྡོམས་འབོར་ཁྲི་28ལྷག་ཙམ་ཟིན་པ་དེས་ཡུན་ནན་གྱི་ཀྲོའུ་དང་གྲོང་ཁྱེར་མང་པོ་ཞིག་གི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།
         ཧུའེ་ཙེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལེང་ཀྲི་ཆང་གིས་གསར་འགོད་པར“ང་ཚོས་དུས་བཀག་ཐོག‘དབུལ་ཞྭ་ཕུད’ཐུབ་པ་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡིད་ཆེས་ཡོད”ཅེས་སྤོབས་པ་ཆེན་པོས་བཤད་པ་རེད།
         “དབུལ་སྒྲོལ་འགག་སྒྲོལ་དེ་ཧུའེ་ཙེའི་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་ཡག་ཤོས་ཀྱི་ལོ་རྒྱུས་གོ་སྐབས་ཤིག་ཀྱང་རེད། རང་གི་སེམས་ནུས་བརྒྱ་ཆ་བདུན་ཅུ་ཙམ་དབུལ་སྒྲོལ་ཐོག་བཏང་ཡོད”ཅེས་ལེང་ཀྲི་ཆང་གིས་བཤད།
         ས་ཁོངས་གསར་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་ཕན་ཚུན་དམ་པོར་སྦྲེལ་བས་སྐར་ལྔ་ཤང་ལ་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཡོད་པ་རེད། 2007ལོ་ནས་བཟུང་གྲོང་ཚོ་ཧྲིལ་པོས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བས་ལོ་10རིང་དབུལ་པོ་ཐོན་ཚད་བརྒྱ་ཆའི་གྲངས་20ལྷག་ཙམ་དམའ་རུ་ཕྱིན་ཡོད། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཡན་ཕིང་གིས“དུས་འགོའི་དབུལ་སྐྱོར་གྱིས་ལམ་དང་ཆུ་སོགས་འཕེལ་རྒྱས་ཀྱི་ཚོད་འཛིན་ཆུང་དུ་ཤུགས་ཆེན་ཕྱིན་ནས་ད་ཆ་གནད་སྨིན་དབུལ་སྒྲོལ་བྱ་རྒྱུ་དེ་དུད་ཚང་དང་མི་ཐོག་ཏུ་དོན་འཁྱོལ་ཐུབ་སྟེ་སྐར་ནས་དེ་བས་བཀྲག་མདངས་འཚེར་རྒྱུ་རེད”ཅེས་བཤད།
         ཅ་ཁྲེ་ཤང་དུ་དུད་ཚང་དབུལ་པོས་རང་གི་སྐྱེད་མེད་ཐོན་ལས་དངུལ་བུན་རང་མོས་ངང་མཉམ་ལས་ཁང་དུ་མ་འཇོག་བྱས་ཏེ་བློས་འགེལ་ཆོག་པའི་སྣེ་འདྲེན་ཁེ་ལས་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱིས་ཀྱང་མ་རྩ་དང་དོ་དམ་མཉམ་སྒྲིལ་གྱི་ཐོག་ནས་མ་རྐང་ནང་ཞུགས་ཏེ་དབུལ་སྐྱོར་གྱི་ཕན་པ་མང་པོ་ཐོབ་ཡོད། ཧུའེ་ཙེ་ཧྥུང་ཡོན་འདེབས་འཛུགས་མཉམ་ལས་ཁང་2015ལོར་བཙུགས་པ་ནས་བཟུང་འབྲི་གཡག་གསོ་བ་དང་ཞོག་ཁོག་བཏབ་སྟེ་དུད་ཚང་དབུལ་པོ་200ཙམ་ལ་སྣེ་ཁྲིད་བྱས་པ་རེད།
         ཧུའེ་ཙེ་རྫོང་གིས་ལོ་10ལྷག་ཙམ་སྤྱད་དེ་སློབ་གསོའི་ཆུ་ཚད་ཆུས་ཅིང་གྲོང་ཁྱེར་གྱི་མཇུག་ཤོས་ནས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་རིམ་པའི་མདུན་གྲལ་དུ་སླེབས་ཡོད་པ་རེད། འདི་ལོ་རྫོང་དེ་ཡོངས་ནས་ཆིང་ཧྭ་དང་པེ་ཅིང་སློབ་ཆེན་ལ་སློབ་མ་27རྒྱུགས་འཕྲོད་པ་དེས་ཡུན་ནན་ཞིང་ཆེན་གྱི་དྲུག་ཆ་གཅིག་བཟུང་ཡོད་པ་རེད། རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཀྲང་ཧུང་གིས“དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་ནས་སློབ་གསོར་བརྟེན་ཏེ་ཕ་ཚ་བུ་རྒྱུད་དབུལ་པོ་ཆགས་རྒྱུ་བཀག་སྡོམ་བྱས་ནས་ང་ཚོས་སློབ་མ་གཅིག་ཀྱང་དབུལ་བའི་རྐྱེན་གྱིས་སློབ་མཚམས་ཆད་དུ་བཅུག་མི་སྲིད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།