འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་རུལ་སུངས་བྱེད་མི་རུང་བ་དང་རུལ་སུངས་བྱེད་མི་ཕོད་པ་རུལ་སུངས་བྱེད་
    མི་འདོད་པའི་ལམ་སྲོལ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། “ལྕང་མའི་རྩ་བ་རུལ་ན་བཀོག་དགོས་པ་དང་། ནད་ཕོག་ན་བཅོས་དགོས་པ། འཁྱོག་ན་འདྲོང་དགོས་པ”བཅས་ཀྱི་འདུ་ཤེས་གཞིར་བཟུང་། ཡུན་ནན་ཞིང་ཆེན་གྱིས་ཏང་གཤིས་ཏང་སྲོལ་དང་སྒྲིག་ཁྲིམས་སྒྲིག་ལམ་ཐོག་ནས་རྒྱུན་ཆད་མེད་པར་སྐྱོན་འཚོལ་བ་དང་སྒྲིག་བཀུར་ཁྲིམས་སྲུང་སེམས་སུ་ཟུག་པ་དང་ལྟ་སྐུལ་ཁྲིམས་སྐྱོང་ནུས་ཆོད་ལྡན་པ་བྱས་ཏེ་ས་དམར་ས་མཐོའི་མཆོང་སྐྱོད་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་དང་ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་ལེའུ་གསར་པ་བསྣན་ཡོད།
         “བཀག་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་མི་གཏོང་བ”བཅས་ཀྱི་བླང་བྱ་གཞིར་བཟུང་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁུངས་སྣེར་བྱས་ཏེ་གྲལ་བཤེར་ཆེན་པོ་དང་མཐིལ་རྟོགས་གཏིང་ཟབ་བྱས་པ་དང་གནད་དོན་ཡོད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་རུལ་སུངས་ཡོད་ཚེ་ངེས་པར་དུ་ཆད་པ་གཅོད་རྒྱུ་མཐའ་འཁྱོངས་བྱས་ཏེ“རུང་སུངས་བྱེད་མི་ཕོད་པའི”ཟིལ་ཤུགས་ཆེན་པོ་ཞིག་ཆགས་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱིས་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་གསུམ་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གྲངས་གཞིའི་མཛོད་བཙུགས་ཏེ་རིམ་ལྔའི་མཉམ་སྐུལ་ལྟ་སྐུལ་ལས་སྟེགས་ནུས་ཆེ་འཁོར་རྒྱུག་ཐུབ་པ་དང་ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་རིགས་བཞི”ལག་ལེན་བསྟར་བའི་གོམ་སྟབས་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་ཡོད། 2017ལོའི་ཟླ་བདུན་པའི་བར་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཐེངས་142888བདག་སྤྲོད་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་47217ཐག་གཅོད་བྱས་པ། གྱོད་གཞི་21644ཐོ་བཀོད་བྱས་ཡོད། དེའི་ནང་ཐིང་དང་ཅུས་རིམ་པའི་མི་181དང་། རྫོང་དང་ཁྲུའུ་རིམ་པའི་མི་1077ཡོད། གཞན་ཡང་མི་22863ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲོའུ(གྲོང་ཁྱེར)16དང་། རྫོང(གྲོང་ཁྱེར་དང་ཆུས)129 ཞིང་ཆེན་ཐད་གཏོགས་སྡེ་ཚན་དང་ཁེ་ལས་བྱ་གཞག་ཚན་པ་141བཅས་ལ་སྐོར་བཤེར་བྱས་ཏེ་གནད་དོན་སྣ་ཚོགས་2935དང་སྒྲིག་འགལ་ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་3472ཤེས་རྟོགས་ཐུབ་པ་རེད། དེའི་ནང་ཞིང་ཆེན་རིམ་པའི་དོ་དམ་ལས་བྱེད་པས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་གནད་དོན་གྱི་ཁུངས་སྣེ་438དང་འབྲེལ་བ་ཡོད། 2017ལོའི་ཟླ་བདུན་པའི་བར་ཞིང་ཨུད་སྐབས་དགུ་པས་སྐོར་བཤེར་རྩིས་སྤྲོད་བྱས་པའི་གནད་དོན་གྱི་ཁུངས་སྣེའི་ཁྲོད་ནས་གྱོད་གཞི་431ཐོ་བཀོད་པ་དང་། མི་485ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ། རྩ་འཛུགས་ཀྱིས་མི་88ལ་ཐག་གཅོད་བྱས་པ། མི་53གྱི་འགན་འཁྲི་བདའ་འདེད་བཏང་བ་རེད།
         སྒྲིག་ཁྲིམས་ཀྱི་དམར་ཐིག་རྟག་ཏུ་ནན་པོ་བྱེད་པ།
         བྲོས་འདེད་དངུལ་འདེད་ཐད་ཞིང་ཨུད་ཀྱི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་སྒྲུབ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད། “གནམ་རྒྱ”བྱ་སྤྱོད་སྤེལ་ཚུན་2017ལོའི་ཟླ་བཞི་པའི་བར་ཞིང་ཆེན་ཡོངས་ཀྱིས་བྲོས་བྱོལ་མི་སྣ་123འཛིན་བཟུང་ཐུབ་པ་དང་བཙོག་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་1.98འདེད་ལེན་ཐུབ་ནས་རུལ་སུངས་ངོ་རྒོལ་གྱི“གནམ་རྒྱ”དེ་བས་ཚགས་ཚུད་དུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།