འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྒྲོལ་ལྕགས་ལམ་ཤར་གཏོང་ཐུབ་པས་ཉོ་ཚོང་དེ་བས་སྟབས་བདེར་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ལོ་སིའི་རྒྱལ་སྤྱིའི་ལྕགས་ལམ་གྱི་འགོ་འཛུགས་ས་ཁུན་མིང་མེ་འཁོར་བབས་ཚུགས་ལྷོ་མར་ལོ་སིའི་འགྲུལ་པ་ཨན་ནན་དང་བཟའ་ཟླ་མྱུར་བགྲོད་མེ་འཁོར་བསྡད་དེ་ཁྱོ་གའི་ཕ་ཡུལ་ཨན་ཧུའེ་རུ་ལོག་རྩིས་ཡོད།
         ཨན་ནན་གྱིས་དེ་སྔ་ཁུན་མིང་ནས་ཨན་ཧུའེ་བར་མེ་འཁོར་ཆུ་ཚོད་36ཙམ་སྡོད་དགོས་ཀྱི་ཡོད། མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཆུ་ཚོད་9ལས་འགོར་གྱི་མེད། འོན་ཀྱང་མིག་སྔར་ལོ་སིར་ཡོད་པའི་ཁོང་གི་ཁྱིམ་ནས་ཁུན་མིང་བར་རླངས་འཁོར་ཉིན་གཉིས་ཙམ་སྡོད་དགོས་ཀྱི་ཡོད། “ཀྲུང་ལོ་རྒྱལ་སྤྱིའི་ལྕགས་ལམ་སྔ་ཙམ་ཤར་གཏོང་ཐུབ་རེ་ཡོད། དེ་ལྟར་བྱུང་ཚེ་ལོ་སི་ནས་ཁུན་མིང་བར་ཆུ་ཚོད་བཅུ་ཙམ་ལས་འགོར་གྱི་མེད”ཅེས་བཤད།
         ཀྲུང་ལོའི་ལྕགས་ལམ་བསྐྲུན་རྒྱུར་ཕྱོགས་གཉིས་པོའི་མི་སེར་གྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། རེ་སྒུག་དེ་དོན་དངོས་སུ་འགྱུར་བཞིན་ཡོད། ཀྲུང་ལོ་ལྕགས་ལམ་རྒྱལ་ནང་དུམ་བུ་ཡུས་ཤིས་མོ་ཧན་ལྕགས་ལམ་གྱི་མེ་འཁོར་བབས་ཚུགས་ཆེ་ཤོས་ཡིན་པའི་མོ་ཧན་མེ་འཁོར་བབས་ཚུགས་ཀྱི་ལས་ཡུལ་དུ་རྒྱང་ལྟ་བྱས་ན་བབས་ཚུགས་ཧྲིལ་པོར་ཨར་རྒྱག་མི་སྣ་དང་འཁོར་རིགས་ཕར་འགྲོ་ཚུར་འོང་གི་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མཐོང་ཐུབ། དེས་ན་ཀྲུང་ལོ་རྒྱལ་ཁབ་གཉིས་སྦྲེལ་མཐུད་བྱེད་པའི་མཛའ་གྲོཌ་ཕུག་ལམ་ནང་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་བཟོ་པ་ཚོས་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་བྲེལ་བརྩོན་ཆེན་པོས་ལས་སྒྲུབ་བྱེད་བཞིན་ཡོད་པ་དང་ཕུག་ལམ་དེ་ཉིན་རེར་སྨི་4ཡི་མྱུར་ཚད་ཐོག་ནས་མདུན་ཕྱོགས་སུ་སྔོག་བཞིན་ཡོད།
         ཀྲུང་ལོ་ལྕགས་ལམ་རྒྱལ་ནང་དུམ་བུའི་ཁུན་མིང་ནས་མོ་ཧན་བར་གྱི་ལྕགས་ལམ་ནི་རང་རྒྱལ་ནས་ལོ་སི་དང་ཐེ་ལན་ཕྱོགས་སུ་སྐྱོད་པའི་རྒྱལ་སྤྱིའི་ལྕགས་ལམ་གཙོ་བོ་དེ་ཡིན་ལ་ཡུན་ནན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་དེའི་ནང་ཞུགས་པ་དང་མཐའ་འཁོར་རྒྱལ་ཁབ་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཀྱང་ཡིན།
         འདི་ལོའི་ཟླ་6པར་ཁུན་མིང་ནས་ཝེ་ཐེ་ནམ་གྱི་ཧའེ་ཧྥང་ཕྱོགས་སུ་བཏང་བའི་ཟོག་འདྲེན་དུས་གཏན་མེ་འཁོར་ནང་དངོས་ཟོག་ཏུན་850བླུགས་པ་དང་ཝང་ཅ་ཡིང་དོས་སྒམ་ལྟེ་གནས་ནུབ་མ་ནས་ཐོན་པ་དེ་ཐོག་ནས་ཀྲུང་གོ་ནས་ཝེ་ཐེ་ནམ་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར(ཁུན་མིང་ནས་ལའོ་ཅེ་དང་། ཧ་ནོ་དབྱི། ཧའེ་ཧྥང་བར)དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།