འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་མེང་ཧའེ་རྫོང་ཏ་ལུའོ་གྲོང་རྡལ་གྱི་གྲོང་ཚོ་ཚང་མར་དར་དམར་ལྷབ་ལྷུབ་གཡོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་ཡོན་ཡོད་པའི་དུད་ཚང་གིས་ཏང་དར་འགེལ་བ་དང་མང་ཚོགས་དཀྱུས་མས་རྒྱལ་དར་འགེལ་བ། ཡུན་ནན་ཞིང་ཆེན་གྱི་མཐའ་མཚམས་རྒྱུད་དུ་དམར་མདངས་བཀྲ་བའི་དར་དམར་གྲོང་ཚོ་དང་དུད་ཚང་གང་སར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
         ཡན་ནེན་ཝན་ནི་ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་མེང་ཧའེ་རྫོང་ཏ་ལུའོ་གྲོང་རྡལ་མེང་པན་གྲོང་ཚོ་ཁྲེང་ཙེ་ཡུལ་མི་ཚོགས་ཆུང་གི་ཏང་ཡོན་གྲོང་སྲུང་རུ་ཁག་གི་རུ་དཔོན་ཡིན་ཞིང་། ལོ་གསུམ་གོང་ཁོང་དང་ཏང་ཡོན་འགའ་ཞིག་གི་སྣེ་ཁྲིད་འོག་གྲོང་སྲུང་རུ་ཁག་བཙུགས་པ་དང་། མིག་སྔར་རུ་མི་14ཡོད། གྲོང་སྲུང་རུ་མིས་གཟའ་ཟླ་བ་དང་། ལྷག་པ། སྤེན་པ་བཅས་སུ་གྲོང་ཚོའི་ནང་བསྲུང་བྱ་བྱས་ནས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། དུས་མཚུངས་ད་དུང་ཉེ་འགྲམ་གྱི་ཞིབ་བཤེར་ས་ཚིགས་སུ་རེས་མོས་ངང་བསྐྱོད་དེ་དྲག་ཆས་ཉེན་རྟོག་དཔུང་སྡེའི་ལས་དོན་ལ་གཞོགས་འདེགས་བྱེད་ཀྱི་ཡོད། “གྲོང་སྲུང་རུ་ཁག་ཡོད་པ་ནས་བཟུང་གྲོང་ཚོའི་བདེ་འཇགས་ལེགས་སུ་ཇེ་ཆེར་ཕྱིན་པ་དང་ད་ཆ་དུག་འཐེན་མཁན་དང་རྒྱན་པོ་འགྱེད་མཁན་མེད་པར་ཚང་མ་ཐོན་སྐྱེད་ལ་བྲེལ་བཞིན་ཡོད། ལོ་ལྟར་ང་ཚོས་ད་དུང་དྲག་ཆས་ཉེན་རྟོག་དཔུང་སྡེར་གཞོགས་འདེགས་བྱས་ནས་ལྐོག་ཚོང་དང་ལྐོག་བྲོས་ཀྱི་གྱོད་གཞི་མི་ཉུང་བ་ཞིག་རྩད་གཅོད་བྱེད་རོགས་བྱེད་ཀྱི་ཡོད”ཅེས་ཡན་ནེན་ཝན་གྱིས་སྤོབས་པ་ཆེན་པོའི་སྒོ་ནས་བརྗོད་པ་རེད།
         ཏང་ཡོན་གྱིས་བདེ་འཇགས་ལ་དོ་དམ་བྱ་རྒྱུར་སྣེ་ཁྲིད་བྱེད་པ་མ་ཟད་ད་དུང་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་ཀྱི་ཡོད། དེ་སྔ་མེང་པན་གྲོང་ཚོས་གཙོ་བོ་ཤིང་ཏོག་ངང་ལག་དང་འགྱིག་ཤིང་འདེབས་འཛུགས་བྱེད་ཀྱི་ཡོད། ལོ་ཤས་གོང་ཤིང་ཏོག་ངང་ལག་དང་འགྱིག་ཤིང་གི་རིན་གོང་རྒྱུན་ཆད་མེད་པར་ཆག་པས་མང་ཚོགས་ཀྱི་ཡོང་འབབ་ཉུང་དུ་ཕྱིན་ཡོད། མེང་པན་གྲོང་ཚོའི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་ཡན་ཝུན་ལུང་གིས་ཏའེ་ཤང་ཁྲ་ཧྭ་བྱ་དེའི་ཁྲོམ་རའི་མདུན་ལྗོངས་ལ་གཞིགས་ནས་ཁྲ་ཧྭ་བྱ་དེ་གསོ་ཚགས་མཉམ་ལས་ཁང་བཙུགས་ཡོད། གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་མ་དངུལ་རོགས་རམ་དང་དེ་བཞིན་ཏང་ཀྲི་པུའི་སྐུལ་ལྕག་འོག་ཁྲ་ཧྭ་བྱ་དེ་གསོ་ཚགས་མཉམ་ལས་ཁང་དེ་ཐོག་མའི་གསོ་ཚགས་དུད་ཚང་9ནས་ད་ལྟའི་དུད་ཚང་286བར་འཕེལ་རྒྱས་བྱུང་ནས་ལོ་ལྟར་ཁྲ་ཧྭ་བྱ་དེ་ཁྲི་10དང་སྒོ་ང་ཁྲི་600ཕྱིར་ཚོང་བྱས་པར་ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་800ལས་བརྒལ་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།