འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བདུན་པར་བཟོ་ལས་ཀྱི་ཁེ་སྤོགས་འཕར་ཚད་བཟང་པོ་རྒྱུན་མཐུད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པའི་བཟོ་ལས་ཁེ་ལས་ཀྱི་ནོར་དོན་གྲངས་གཞི་ལས་མངོན་པར། ཟླ་1ནས་ཟླ་7བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་21.2%འཕར་བ་དང་འཕར་ཚད་ཟླ་1ནས་ཟླ་6བར་ལས་བརྒྱ་ཆའི་གྲངས་0.8ཀྱིས་འགོར་བ་ཡོད་པ་རེད། དེའི་ཁྲོད་ནས་ཟླ་7པའི་ཁེ་སྤོགས་དུས་མཚུངས་ལས་16.5%འཕར་ནས་འཕར་ཚད་ཟླ་6ལས་བརྒྱ་ཆའི་གྲངས་2.6གིས་འགོར་བ་ཡོད་པ་རེད།
         རྒྱལ་ཁབ་སྡོམ་རྩིས་ཅུས་བཟོ་ལས་སིའི་འབུམ་རམས་པ་ཧོ་ཕིང་གིས་དབྱེ་ཞིབ་བྱས་གསལ། ཁེ་སྤོགས་འཕར་ཚད་འགོར་དུ་འགྲོ་དོན་ནི་གནམ་གཤིས་ཚ་བ་ཧ་ཅང་ཆེན་པོ་བསྟན་པས་ཁེ་ལས་འགའ་ཞིག་གིས་ངལ་གསོ་བཞག་པ་དང་ཐོན་སྐྱེད་བྱེད་མཚམས་བཞག་པ་སོགས་དཔལ་འབྱོར་རྒྱུ་རྐྱེན་མིན་པའི་ཡུན་ཐུང་གི་ཤུགས་རྐྱེན་ཕོག་ཡོད། སྤྱིའི་ཆ་ནས་བལྟས་ན། མཁོ་སྒྲུབ་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ནས་ཁེ་ལས་ཀྱི་ཕན་འབྲས་དུས་མཚུངས་ལས་ཡག་ཏུ་འགྲོ་བའི་རྣམ་པ་མངོན་པ་དང་བཟོ་ལས་ཁེ་སྤོགས་མུ་མཐུད་ནས་འཕར་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།