འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རྩ་འཛུགས་ནས་ཞབས་འདེགས་ཉོ་བའི་ཚོད་ལྟའི་
    ལས་དོན་ཐོག་མར་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུས་དང་མཉམ་དུ“དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རྩ་འཛུགས་ནས་སྤྱི་ཚོགས་ཀྱི་ལས་དོན་དང་སྡེ་ཁུལ་གྱི་དམངས་ཕན་ཞབས་འདེགས་ཉོ་བའི་རྣམ་གྲངས”ཀྱི་འགོ་ཚུགས་མཛད་སྒོ་དང་དངོས་སྒྲུབ་བཀོལ་སྤྱོད་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་ལས་མཚོ་སྔོན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱི་ཚོགས་ཀྱི་ལས་དོན་དང་སྡེ་ཁུལ་གྱི་ཞབས་འདེགས་ཉོ་བའི་ཚོད་ལྟའི་ལས་དོན་ཐོག་མར་སྤེལ་འགོ་ཚུགས་པ་མཚོན་ཡོད།
           མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་《〈2017ལོའི་ལོ་འཁོར་དུ་མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རྩ་འཛུགས་ནས་སྤྱི་ཚོགས་ཀྱི་ལས་དོན་ཞབས་འདེགས་དང་སྡེ་ཁུལ་གྱི་དམངས་ཕན་ཞབས་འདེགས་ཉོ་བའི་ཚོད་ལྟའི་ལག་བསྟར་ཇུས་གཞི་〉པར་འགྲེམས་བྱ་རྒྱུའི་སྐོར་》གྱི་བརྡ་ཐོའི་བླང་བྱ་གཞིར་བཟུང་། འདི་ལོའི་ལོ་འཁོར་དུ་ཟི་ལིང་གྲོང་ཁྱེར་གྱི་ཆུས་བཞི་དང་རྫོང་གསུམ་དང་། གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར་བཅས་ཀྱི་དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་རྩ་འཛུགས་ནས་སྡེ་ཁུལ་གྱི་ཞབས་འདེགས་ཉོ་བའི་ཚོད་ལྟའི་ལས་དོན་སྤེལ་ནས་རྒན་རྒོན་དང་། དབང་པོ་སྐྱོན་ཅན། དྭ་ཕྲུག དབུལ་པོ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྤྱི་ཚོགས་ཀྱི་ལས་དོན་དང་སྡེ་ཁུལ་གྱི་དམངས་ཕན་ཞབས་འདེགས་གཙོ་གནད་མཁོ་འདོན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། སྡེ་ཁུལ་དང་སྦྲེལ་མཐུད་དང་། ཆུས་(རྫོང)ནས་ཐོག་མའི་ཞིབ་དཔྱད། གྲོང་ཁྱེར་(ཀྲོའུ)ནས་བསྐྱར་ཞིབ། ཕྱོགས་གསུམ་པའི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱིས་རང་ཚུགས་ཞིབ་དཔྱད་བཅས་བྱས་པ་བརྒྱུད། སྤྱི་ཚོགས་ཀྱི་རྩ་འཛུགས་29ཡིས་ཞབས་འདེགས་རྣམ་གྲངས་42ཉོས་པ་དེ་ཞབས་འདེགས་རིགས་ཆེ་གྲས་10དང་འབྲེལ་བ་ཡོད་པ་དང་། སྔོན་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་975.78གཏོང་རྒྱུ་ཡིན་པ་རེད།
           རྣམ་གྲངས་བདེ་བླག་ངང་ལག་བསྟར་ཐུབ་པ་དང་། མ་དངུལ་བཀོལ་སྤྱོད་ཚད་ལྡན། སྤྱི་ཚོགས་ཀྱི་ཕན་འབྲས་གང་ལེགས་མངོན་པ་བཅས་བྱ་ཆེད། ཞིང་ཆེན་དང་གྲོང་ཁྱེར་(ཀྲོའུ)དམངས་སྲིད་སྡེ་ཚན་གྱིས་ནོར་སྲིད་སྡེ་ཚན་དང་། སྡེ་ཁུལ་ཨུ་ལྷན། དེ་བཞིན་ཕྱོགས་གསུམ་པའི་སྒྲིག་གཞི་བཅས་དང་མཉམ་དུ་རྣམ་གྲངས་ལག་བསྟར་བྱེད་པའི་དུས་དཀྱིལ་ཀྱི་ཚོད་སྐོར་དང་དུས་མཇུག་གི་ལས་ཕྱོད་ཚོད་སྐོར་བྱས་ནས་ཞབས་འདེགས་ཞུ་ཡུལ་བློ་ཡིད་ཚིམ་ཚད་དེ་ཚད་གཞིར་བརྩི་བའི་གདེང་འཇོག་མ་ལག་བཙུགས་ཏེ་སླད་ཕྱིན་ཕྱོགས་ཡོངས་ནས་ཉོ་སྒྲུབ་ཞབས་འདེགས་ཁྱབ་གདལ་བཏང་ནས་སྡེ་ཁུལ་ལས་སྟེགས་སུ་བྱེད་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གཞི་རྟེན་དུ་བྱེད་པ། ཆེད་དོན་སྤྱི་ཚོགས་ལས་མི་རྐང་འཛིན་དུ་བྱེད་པ་བཅས་ཀྱི“མཉམ་འབྲེལ་གསུམ”ཀྱི་སྡེ་ཁུལ་ཞབས་འདེགས་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་ཉམས་མྱོང་གསོག་འཇོག་དང་ལམ་བུ་འཚོལ་ཞིབ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།