འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉོ་ཚོང་ལྟེ་གནས་ཀྱི་རྣམ་གྲངས་ལ་མོ་སི་ཁོའི་འཛུགས་སྐྲུན་ལས་རིགས་ཀྱི་བྱ་དགའ་
    རིམ་པ་མཐོ་ཤོས་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། མོ་སི་ཁོ་གྲོང་ཁྱེར་རྒྱལ་ཁབ་འཛུགས་སྐྲུན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། མོ་སི་ཁོའི་ཀྲུང་གོའི་ཉོ་ཚོང་ལྟེ་གནས་ཀྱི་ཧྭ་མིང་ཡོན་རྣམ་གྲངས་ལ་2017ལོའི་མོ་སི་ཁོའི་སྤུས་ལེགས་དཔེ་མཚོན་ལས་གྲྭའི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།
          “མོ་སི་ཁོའི་སྤུས་ལེགས་དཔེ་མཚོན་ལས་གྲྭའི་བྱ་དགའ”ནི་མོ་སི་ཁོའི་གྲོང་ཁྱེར་འཛུགས་སྐྲུན་ལས་རིགས་ཀྱི་བྱ་དགའ་རིམ་པ་མཐོ་ཤོས་དེ་ཡིན་པ་དང་། ལོ་ལྟར་ས་གནས་དེ་གའི་འཛུགས་སྐྲུན་ལས་གྲྭ་ཡོངས་ཀྱི་ཁྲོད་ནས་རྣམ་གྲངས་18འདེམས་པ་དང་འབྲེལ་ཟླ་8པའི་རེས་གཟའ་ཉི་མ་ཐེངས་གཉིས་པའི“ཨུ་རུ་སུའི་འཛུགས་སྐྲུན་པའི་ཉིན་མོའི”སྔ་ནུབ་ཏུ་དེའི་ནང་གི་ཆེས་ཕུལ་བྱུང་གི་རྣམ་གྲངས་ཁག་གསུམ་འདེམས་པ་དང་སྦྲགས་ཡོངས་བསྒྲགས་སུ་གཟེངས་བསྟོད་བརྡ་ཁྱབ་གཏོང་གི་ཡོད་པ་རེད།
          ཀྲུང་གོ་བཟོ་སྐྲུན་ལས་གྲྭ་སྤྱི་ཁྱབ་ཀུང་སིའི་མོ་སི་ཁོ་ཀྲུང་གོའི་ཉོ་ཚོང་ལྟེ་གནས་རྣམ་གྲངས་པུའི་ཅིང་ལི་ལིའུ་ཀྲི་ཀང་གིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། མོ་སི་ཁོའི་ཀྲུང་གོའི་ཉོ་ཚོང་ལྟེ་གནས་རྣམ་གྲངས་འདི་ལོའི་ཟླ་5པའི་ནང་དཔྱད་འདེམས་ནང་ཞུགས་པ་དང་། ཁེ་ལས་200ཙམ་གྱི་དཔྱད་འདེམས་རྣམ་གྲངས་1000ལྷག་ཙམ་ནང་ནས་འབུར་དུ་ཐོན་ཡོད་པ་རེད། དཔྱད་འདེམས་བརྒྱུད་རིམ་གྱི་ཞིབ་བཤེར་སྣ་ཚོགས་ནང་མདུན་གྲལ་དུ་སླེབས་པའི་དབང་གིས་མོ་སི་ཁོ་ཀྲུང་གོའི་ཉོ་ཚོང་ལྟེ་གནས་ཀྱི་རྣམ་གྲངས་ཀྱང་མོ་སི་ཁོ་གྲོང་ཁྱེར་རྒྱལ་ཁབ་འཛུགས་སྐྲུན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་རང་འགུལ་ངང་འོས་སྦྱོར་བྱས་པའི་རྣམ་གྲངས་འབའ་ཞིག་དེར་འགྱུར་བ་དང་འབྲེལ་མཐར་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།