འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཁ་མེ་རོང་ལ་རོགས་སྐྱོར་བྱས་ནས་མངའ་ཁོངས་ནང་གི་ཡུལ་གྱར་བའི་གནད་དོན་ཐག་
    གཅོད་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྔགས་བརྗོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམདངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཁ་མེ་རོང་དོན་གཅོད་ཁྲུའི་ཀྲུའུ་རེན་ཨ་ཕུའུ་ཏུའུ་ལ་ཡེ·པའར་ཏེ་ཡིས་ཉེ་ཆར་ཀྲུང་གོས་ཁ་མེ་རོང་མངའ་ཁོངས་ནང་གི་དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྱར་བར་རོགས་སྐྱོར་བྱས་པར་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་པ་དང་ཀྲུང་གོས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་ནང་ནུས་པ་གཙོ་བོ་བཏོན་ཡོད་ཅེས་བཤད།
          ཉིན་དེར་ཁ་མེ་རོང་གི་རྒྱལ་ས་ཡ་ཝུན་ཏེ་རུ་ཀྲུང་གོས་རོགས་སྐྱོར་བྱས་པའི་དངོས་ཟོག་རྩིས་སྤྲོད་རྩིས་ལེན་མཛད་སྒོ་གཉེར་ཞིང་། པའར་ཏེ་ཡིས་ཁ་མེ་རོང་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོས་མཁོ་འདོན་བྱས་པའི་ཛ་དྲག་རོགས་སྐྱོར་དང་ལེན་བྱེད་པ་དང་ཆབས་ཅིག་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ཁྲོད་ནས་དགེ་མཚན་ལྡན་པའི་བློ་སྒོ་འབྱེད་ནུས་བསྡུ་ལེན་བྱས་ཡོད་ཅེས་བཤད།
          ཁ་མེ་རོང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའེ་ཝུན་ཧྭ་ཡིས་ཡུལ་གྱར་བ་དང་གནས་སྤོས་ཡུལ་མིའི་གནད་དོན་ནི་ས་ཁུལ་རང་བཞིན་དང་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཀྱང་ཡིན་པས་སྣང་མེད་ཁུར་མེད་བྱེད་མཁན་རྒྱལ་ཁབ་མེད། ཀྲུང་གོ་འདི་ཉིད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཐོག་མཐའ་བར་གསུམ་དུ་ཞུགས་ཡོད་ཅེས་བཤད།
          ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་དེ་གོང་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཁ་མེ་རོང་ལ་རིན་གོང་ཨ་སྒོར་ཁྲི་100རི་བའི་མ་དངུལ་རོགས་སྐྱོར་བྱས་ཏེ་ཡུལ་གྱར་བར་འཕྲད་པའི་བཟའ་བཅའ་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་དེ་དག་གིས་འབྲུ་རིགས་དང་བཅུད་རྫས་ཏུན་900ལྷག་ཙམ་ཉོས་པ་རྣམས་མིག་སྔར་ཁ་མེ་རོང་ལ་འབྱོར་ཏེ་མི་རིང་བར་ཡུལ་གྱར་བ་ཚོར་སྤྲོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།