འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ནང་སྲིད་པུའུ་ཡིས་ཆུ་ལོག་གི་གནོད་འཚེའི་ཁྲོད་ཉུང་མཐར་ཡང་མི་40གྲོངས་འདུག་
    ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 16:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནེ་པ་ལའི་ནང་སྲིད་པུའུ་ཡིས་ཆུ་ལོག་གི་གནོད་འཚེའི་ཁྲོད་ཉུང་མཐར་ཡང་མི་40གྲོངས་འདུག་
ཅེས་བརྗོད་པ།
           མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་ནང་སྲིད་པུའུ་ཡི་གནས་འཕྲིན་ལ་གཞིགས་ན། ཟླ་8ཚེས་13ཉིན་གྱི་ཕྱི་དྲོ་བར་དུ། དུས་རླུང་དང་དྲག་ཆར་བབ་པའི་དབང་གིས་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་ཉུང་མཐར་ཡང་མི་40གྲོངས་འདུག་པ་དང་། མི་36གར་སོང་ཆ་མེད་དུ་གྱུར་ཡོད་པ། མི་20ལ་རྨས་སྐྱོན་ཕོག་ཡོད་པ། ཁྱིམ་ཚང་སྟོང་ཕྲག་ལྷག་ཙམ་ཁྱིམ་མེད་ཕྱོགས་འཁྱམས་སུ་བཏང་འདུག་ཅེས་བརྗོད་ཡོད་པ་རེད།
            ནང་སྲིད་པུའུ་ཡིས་གནོད་འཚེ་བྱུང་ཁུལ་ཚབས་ཆེ་ཤོས་ནི་མའོ་སྣང་དང་ལའོ་ཐཱ་ཧ་སོགས་གཤོངས་ས་ཁུལ་བརྒྱད་ཡིན་པ་དང་། གཙང་ཆུ་མང་པོ་ཞིག་གི་བཞུར་ཚད་ཉེན་བརྡ་ལས་བརྒལ་ཡོད་པས། ཉེ་འཁོར་སྡོད་དམངས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་ཚུལ་བརྗོད་པ་རེད།
           ནེ་པ་ལ་སྲིད་གཞུང་གིས་གནོད་སྐྱོན་བྱུང་ཁུལ་དུ་ཉེན་རྟོག་པ་དང་དམག་དཔུང་རོགས་སྐྱོར་བྱེད་པར་མངགས་ཡོད་པ་རེད། ས་ཁུལ་མང་པོ་ཞིག་གི་ཟམ་པ་ཆུས་འཁྱེར་ཡོད་སྟབས། རོགས་སྐྱོར་ལས་དོན་སྤེལ་བར་དཀའ་ངལ་བཟོས་ཡོད་པ་རེད། ས་ཁུལ་ཁ་ཤས་སུ་གནམ་གཤིས་ངན་པ་བསྟན་ཡོད་པས། ཐད་འཕུར་གནམ་གྲུ་མྱུར་སྐྱོབ་ལས་དོན་དུ་ཞུགས་ཐབས་མེད་པར་གྱུར་ཡོད་པ་རེད།
            ནེ་པ་ལ་གནམ་གཤིས་བརྟག་དཔྱད་སྡེ་ཚན་གྱིས་ཚོད་དཔག་བྱས་པ་ལྟར་ན། འབྱུང་འགྱུར་ཉིན་ཁ་ཤས་ནང་ད་དུང་དུས་རླུང་དང་དྲག་ཆར་འབྱུང་རྒྱུ་ཡིན་པ་རེད།
    ༄༅།།ནེ་པ་ལའི་ནང་སྲིད་པུའུ་ཡིས་ཆུ་ལོག་གི་གནོད་འཚེའི་ཁྲོད་ཉུང་མཐར་ཡང་མི་40གྲོངས་འདུག་
ཅེས་བརྗོད་པ།
    ༄༅།།ནེ་པ་ལའི་ནང་སྲིད་པུའུ་ཡིས་ཆུ་ལོག་གི་གནོད་འཚེའི་ཁྲོད་ཉུང་མཐར་ཡང་མི་40གྲོངས་འདུག་
ཅེས་བརྗོད་པ།
      

    ཕྱོགས་བསྡུས་གསར་འགྱུར།