འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་སྣོད་བཅུད་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་པོའི་སྣོད་བཅུད་རྟེན་རྫས་བཤམས་མཛོད་ཁང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་སྒོ་ཕྱེ་བ་རེད།
            གསར་འགོད་པས་མཚོ་བྱང་ཀྲོའུ་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་པོའི་སྣོད་བཅུད་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1བཏང་བ་དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་12800ཟིན་གྱི་ཡོད་པ་རེད། རྟེན་རྫས་བཤམས་མཛོད་ཁང་གིས་མཚོ་སྔོན་པོའི“རིག་གནས་ཀྱི་ཆུ་རྒྱུན”གཙོ་རྐང་དུ་བྱས་ནས“དར་བ་དང་། འཚར་ལོངས། ད་ཆ། འབྱུང་འགྱུར”བཅས་ཀྱི་གཏན་ཚིགས་གཞིར་བཟུང་། ངོ་མཚར་ཆེ་བའི་མཚོ་སྔོན་པོ་དང་། སྣོད་བཅུད་ཀྱི་མཚོ་སྔོན་པོ། ཚོན་མདོག་རྣམ་པར་བཀྲ་བའི་མཚོ་སྔོན་པོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཚོ་སྔོན་པོ། ཞི་མཐུན་གྱི་མཚོ་སྔོན་པོ་བཅས་འགྲེམས་ཁང་ལྔ་བཙུགས་ཡོད་པ་རེད།
           འགྲེམས་ཁང་ནང་དེང་རབས་ལག་རྩལ་གྱི་བྱེད་ཐབས་ཐོག་ནས་མཚོ་སྔོན་པོའི་སྣོད་བཅུད་རིག་གནས་ལ་རྗེས་བསྙེགས་འཚོལ་ཞིབ་དང་རྒྱས་བཤད་གཏིང་ཟབ་བྱས་པ་མ་ཟད། མཚོ་སྔོན་པོའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། སྣོད་བཅུད་རིན་ཐང་དང་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་མངོན་པར་བྱས་ཡོད།
          “མཚོ་སྔོན་པོའི་སྣོད་བཅུད་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ནས་སྒོ་ཕྱེ་རྗེས། སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བརྒྱུད་བསྒྲགས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་འགྲེམས་སྟོན་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་དེ་ཉིད་ཕྱི་ཕྱོགས་སུ་དྲིལ་བསྒྲགས་སྤེལ་རེས་བྱེད་པའི་གཟུགས་བརྙན་ཕོ་ཉ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་མཚོ་བྱང་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཀྲང་ཀའོ་པོ་ཡིས་དེ་ལྟར་བཤད།
           མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་ཚྭ་ཆུའི་མཚེའུ་ཆེ་ཤོས་ཡིན་པ་དང་དེ་ཉིད་ཤར་རྒྱུད་ཀྱི་དུས་རླུང་ས་ཁུལ་དང་། ནུབ་བྱང་རྒྱུད་ཀྱི་ཐེམ་ཁུལ། ལྷོ་ནུབ་རྒྱུད་ཀྱི་མཐོ་གྲང་ཁུལ་བཅས་ཀྱི་འབྲེལ་མཚམས་སུ་རྒྱུག་གི་ཡོད་པ་དང་། མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་རེད། དེ་ཉིད་སྣོད་བཅུད་ཉམས་ཞན་མ་ལག་གི་དཔེ་སྟོན་ས་ཁུལ་དུ་གཏོགས་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྐྱེན་ཟབ་ཁུལ་ཞིག་ཡིན་ལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་བསྐྲུན་པའི་གཙོ་གནད་ས་ཁོངས་ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།