འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཡོམ་གེགས་ཁུལ་དུ་གོ་རིམ་ལྡན་པའི་ངང་སྨན་བཅོས་རོགས་སྐྱོབ་བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ས་ཡོམ་གེགས་ཁུལ་དུ་གོ་རིམ་ལྡན་པའི་ངང་སྨན་བཅོས་རོགས་སྐྱོབ་བྱེད་བཞིན་ཡོད་པ།
           མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་གཟི་ཚྭ་སྡེ་དགུར་ས་ཡོམ་རིམ་པ་7.0བརྒྱབ་རྗེས་རྨས་མ་200ལྷག་ཙམ་སྔ་རྗེས་སུ་ཡོམ་ལྟེ་དང་བར་ཐག་ཉེ་ཙམ་ཡོད་པའི་གཟི་ཚྭ་སྡེ་དགུ་རྫོང་མི་དམངས་སྨན་ཁང་གཉིས་པར་སྨན་བཅོས་བྱེད་པར་བསྐྱལ་ཡོད། རོགས་སྐྱོབ་ནང་ཞུགས་མཁན་སྨན་དོན་མི་སྣས་རྨས་མ་ཚང་མར་འཕྲལ་མ་ཉིད་དུ་སྨན་བཅོས་བྱས་པ་དང་འབྲེལ་རྨས་སྐྱོན་ཚབས་ཆེན་ཕོག་མཁན་ཡུལ་གཞན་དུ་སྐྱོབ་བཅོས་བྱེད་པར་དུས་ཐོག་ཏུ་བསྐྱལ་ནས་གེགས་ཁུལ་གྱི་སྨན་བཅོས་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། འདི་ནི་ཟླ་8ཚེས་10ཉིན་གཟི་ཚྭ་སྡེ་དགུ་རྫོང་མི་དམངས་སྨན་ཁང་གཉིས་པའི་སྨན་བཅོས་སྐྱོབ་བཅོས་བྱ་ཡུལ་དུ་སྨན་དོན་མི་སྣས་གེགས་ཁུལ་མང་ཚོགས་ལ་སྨན་བཅོས་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།