འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཞིང་ཆེན་ལས་བསྒྲལ་བའི་སྨན་བཅོས་ཀྱི་སྨན་རིན་རྩིས་ཞུ་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གི་སྐྱེས་མ་ཆུང་ལགས་ཀྱིས་པེ་ཅིང་ཞེ་ཧོ་སྨན་ཁང་དུ་གྲོང་གསེབ་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཞིང་ཆེན་ལས་བསྒྲལ་བའི་སྨན་བཅོས་ཞབས་འདེགས་ལོངས་སུ་སྤྱད་པས། བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཞིང་ཆེན་ལས་བསྒྲལ་བའི་སྨན་བཅོས་ཀྱི་སྨན་རིན་རྩིས་ཞུ་བྱེད་མཁན་དང་པོར་གྱུར། ནད་པ་དེས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པས་བཏོན་པའི་གྲོས་འགོ་གཞིར་བཟུང་སྨན་བཅོས་ལམ་ལུགས་གསར་པར་ཞུགས་མཁན་ས་ཁུལ་གྱི་གཉེར་སྐྱོང་སྒྲིག་གཞིས་སྨན་བཅོས་བྱ་ཡུལ་བསྒྱུར་བའི་འགྲོ་ལུགས་གཉེར་ཏེ་ཟླ་7ཚེས་13ཉིན་པེ་ཅིང་ཞེ་ཧོ་སྨན་ཁང་དུ་སྨན་བཅོས་བྱས་པར་སྨན་རིན་སྒོར་ཁྲི་8.4ལྷག་ཙམ་ཕྱིན་པ་རེད། སྨན་བཅོས་བྱ་ཡུལ་གྱི་སྨན་རིན་རྩིས་ཞུའི་ཁྱབ་ཁོངས་གཞིར་བཟུང་། སྨན་བཅོས་ལམ་ལུགས་གསར་པར་ཞུགས་མཁན་ས་ཁུལ་གྱི་སྨན་རིན་རྩིས་ཞུའི་བསྡུར་གྲངས་ལྟར་རྩིས་བརྒྱབ་ནས་དངོས་སུ་སྨན་རིན་སྒོར་ཁྲི་5.4རྩིས་ཞུ་བྱས་པ་དང་ཁ་གསབ་སྤྲོད་ཚད་བསྡུར་གྲངས་65%ཙམ་ཟིན་ཡོད་པ་རེད།
            བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཞིང་ཆེན་ལས་བསྒྲལ་བའི་སྨན་བཅོས་ཀྱི་སྨན་རིན་རྩིས་ཞུའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། བོད་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ཆེད་དོན་ཞིབ་འཇུག་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་དོན་བཀོད་སྒྲིག་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མང་ཚོགས་ཞིང་ཆེན་ལས་བསྒྲལ་ཏེ་ཡུལ་གཞན་དུ་སྨན་བཅོས་བྱས་པའི་དྲ་སྦྲེལ་སྨན་རིན་རྩིས་ཞུའི་ལས་དོན་ཚོད་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། འདི་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་སི་ཁྲོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་བཅོས་སྒྲིག་གཞི་139དང་ཞིང་ཆེན་ལས་བསྒྲལ་ཏེ་སྨན་བཅོས་བྱས་པའི་དྲ་སྦྲེལ་སྨན་རིན་རྩིས་ཞུའི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། བོད་ཀྱི་སྨན་བཅོས་བྱ་ཡུལ་དུ་བསྒྱུར་བའི་ཆ་རྐྱེན་དང་མཐུན་པའི་ཞིང་འབྲོག་པ་ཚང་མར་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་ལས་བསྒྲལ་ཏེ་སྨན་བཅོས་བྱེད་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་རྒྱལ་ཡོངས་ཀྱི་གྲོས་མཐུན་སྨན་བཅོས་སྒྲིག་གཞི་139རུ་བསྡད་རྗེས་ཐད་ཀར་སྨན་རིན་རྩིས་ཞུའི་ཞབས་འདེགས་ལོངས་སུ་སྤྱད་ཆོག དེ་དང་ཆབས་ཅིག བོད་ལྗོངས་ཀྱི་ཞིང་ཆེན་ལས་བསྒྲལ་ཏེ་སྨན་བཅོས་བྱས་པའི་སྨན་རིན་རྩིས་ཞུའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཐོག་མ་ཡིན་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ལེའོ་ཉིང་དང་། ཅི་ལིན། ཨན་ཧུའེ། ཧྥུའུ་ཅན། ཧའེ་ནན། སི་ཁྲོན། ཀུའེ་ཀྲོའུ། ཧྲའན་ཤིས། ཀན་སུའུ་སོགས་ཞིང་ཆེན་9དང་ཞིང་ཆེན་ལས་བསྒྲལ་ཏེ་སྨན་བཅོས་བྱས་པའི་དྲ་སྦྲེལ་སྨན་རིན་རྩིས་ཞུའི་སྒྲོམ་གཞིའི་གྲོས་མཐུན་བཞག་ཡོད། གོང་གི་ཞིང་ཆེན་དགུའི་སྨན་བཅོས་བྱ་ཡུལ་བསྒྱུར་རྒྱུའི་ཆ་རྐྱེན་དང་མཐུན་པའི་སྨན་བཅོས་ལམ་ལུགས་གསར་པར་ཞུགས་མཁན་མང་ཚོགས་ཚོས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་དོན་རྗེས་ཐད་ཀར་སྨན་རིན་རྩིས་ཞུ་བྱ་ཆོག
            མིག་སྔར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་གྲོང་གསེབ་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཆ་འཕྲིན་ལས་སྟེགས་སུ་བོད་རང་སྐྱོང་ལྗོངས་ཀྱི་རྟོག་བཟོའི་ཞིང་ཆེན་རིམ་པའི་ལས་སྟེགས་བཏོད་དེ། བོད་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲ་ནང་རྫོང་དབར་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྦྲེལ་མཐུད་ལས་དོན་ལེགས་སྒྲུབ་བྱས་ཡོད། ཕྱིའི་ཞིང་ཆེན་གྱི་མང་ཚོགས་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་པའི་བོད་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཡིན་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་རྒྱལ་ཁབ་ཀྱི་གྲོང་གསེབ་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཆ་འཕྲིན་ལས་སྟེགས་ཀྱི་སྦྲེལ་མཐུད་ལས་དོན་ལེགས་སྒྲུབ་བྱས་ཡོད། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཞིང་ཆེན་ལས་བསྒྲལ་བའི་སྨན་རིན་རྩིས་ཞུའི་དོ་དམ་དང་མ་དངུལ་འཁོར་རྒྱུག་སོགས་ཞིབ་ཕྲའི་ལས་དོན་ལ་ཆེད་མི་བཀོད་སྒྲིག་བྱས་ནས་འགན་འཁུར་དུ་བཅུག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།