འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“མོ་ཙེ་རྟགས་ཅན”གྱི་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་གྱི་ཚན་རིག་དམིགས་ཚད་
    ཚང་མ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་12ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་8ཚེས་16ཉིན་ཀྲུང་གོས་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་དང་པོ“མོ་ཙེ་རྟགས་ཅན”གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་དང་ཉེ་ཆར་ཀྲུང་གོ་ཚན་རིག་ཁང་གིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཕྱི་ཕྱོགས་སུ“མོ་ཙེ་རྟགས་ཅན”གྱི་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་གྱིས་གཏན་འཁེལ་བྱས་པའི་ཚན་རིག་དམིགས་ཚད་ཆེན་པོ་གསུམ་ཀ་སྔོན་ཚུད་དང་ཚང་མ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱུང་སྟེ་རང་རྒྱལ་གྱིས་འབྱུང་འགྱུར་མུ་མཐུད་འཛམ་གླིང་གི་ཚད་རྡུལ་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་དང་བར་སྟོང་ཚད་གཞིའི་ཚད་རྡུལ་དངོས་ཁམས་ཀྱི་གཞི་རྩའི་གནད་དོན་ཞིབ་དཔྱད་ཀྱི་ལག་རྩལ་གསར་ཤོས་ཞིབ་འཇུག་ལ་ཁྲིད་སྟོན་བྱ་ཆེད་སྲ་ཞིང་བརྟན་པའི་ཚན་རིག་དང་ལག་རྩལ་གྱི་རྨང་གཞི་བཏིང་ཡོད་ཅེས་ཡོངས་བསྒྲགས་བྱས་པ་རེད།
              ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཀྲང་ཏང་ཙུའི་ཧྲུའུ་ཅི་པད་ཁྲུན་ལིས“མོ་ཙེ་རྟགས་ཅན”གྱིས་གོ་ལ་ཧྲིལ་པོ་ཅན་གྱི་ཚད་རྡུལ་འཕྲིན་གཏོང་དང་བར་སྟོང་ཚད་རྡུལ་གྱི་དངོས་ཁམས་རིག་པ་དང་ཚད་རྡུལ་འདྲེན་ཤུགས་ཚོད་ལྟའི་ཞིབ་བཤེར་གྱི་སྒོ་མོ་ཕྱེ་ནས་རང་རྒྱལ་གྱིས་རྒྱལ་སྤྱིའི་ཐོག་ཚད་རྡུལ་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བཟུང་སྟེ་རྒྱལ་སྤྱིའི་ལས་རིགས་གཅིག་པའི་ཚད་ཤིང་དུ་གྱུར་ནས“སྔོན་སྐྱོད་པར”འགྱུར་རྒྱུ་མངོན་འགྱུར་བྱུང་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།