འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ཀྱིས་དགའ་ལྡན་བྱིན་ཆགས་གླིང་དུ་ལྟ་སྐོར་
    བཅར་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ཀྱིས་དགའ་ལྡན་བྱིན་ཆགས་གླིང་དུ་ལྟ་སྐོར་
བཅར་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། "རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེངས་སྟེགས་པེ་ཅིང་དུ་འགོ་ཚུགས་པ་རེད། ཚེས་13ཉིན་གླེང་སྟེགས་གསར་འགྱུར་ལྟེ་གནས་ཀྱིས་འཛམ་གླིང་ས་གནས་ཁག་ནས་པེ་ཅིང་དུ་གནས་འཕྲིན་སྤེལ་བར་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་བཅུ་ཕྲག་ཁ་ཤས་སྒྲིག་འཛུགས་བྱས་ཏེ་དགའ་ལྡན་བྱིན་ཆགས་གླིང་དུ་མཉམ་དུ་ལྟ་སྐོར་དང་བཅར་འདྲི་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་པེ་ཅིང་གྲོང་ཁྱེར་གྱི་མི་རིགས་ཆོས་ལུགས་ལས་དོན་བསྒྲུབས་ཚུལ་ཤེས་རྟོགས་སྔར་ལས་ལྷག་པར་བྱེད་དུ་བཅུག་པ་རེད།
         གསར་འགོད་པ་རྣམས་པེ་ཅིང་ས་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་ཤོས་ཏེ་དགའ་ལྡན་བྱིན་ཆགས་གླིང་དུ་ལྟ་སྐོར་བྱེད་པར་འབྱོར་ཞིང་། ལྟ་སྐོར་བྱེད་རིང་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ཀྱིས་དགའ་ལྡན་བྱིན་ཆགས་གླིང་གི་དད་ལྡན་མང་ཚོགས་ཚོས་གཡང་གསོལ་ཞུ་ཚུལ་གྲ་རྒྱས་པོ་དང་། ཀྲུང་གོའི་བཟོ་བཀོད་སྒྱུ་རྩལ་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་མཉམ་འདྲེས་བྱས་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ལ་དགའ་སྣང་ཧ་ཅང་ཆེན་པོ་སྐྱེས་པ་རེད། དེའི་རྗེས་དགའ་ལྡན་བྱིན་ཆགས་གླིང་དུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་པེ་ཅིང་གྲོང་ཁྱེར་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཉིའུ་སུང་གིས་གྲོང་ཁྱེར་འདི་ཉིད་ཀྱི་མི་རིགས་ཆོས་ལུགས་ཀྱི་སྤྱི་ཡོངས་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་གྱི་ལོ་རྒྱུས་ལོ་ངོ་3000ལྷག་ཡོད་ཅིང་། དེ་ལས་རྒྱལ་ས་བཙུགས་པའི་ལོ་རྒྱུས་ལོ་ངོ་900ལ་ཉེ་བ་ཡོད་པ་རེད། པེ་ཅིང་གྲོང་ཁྱེར་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་བའི་རིག་གནས་སྤེལ་རེས་མཉམ་འདྲེས་དང་ཆོས་ལུགས་སྣ་མང་མཉམ་གནས་ཀྱི་ས་ཁུལ་ཞིག་ཡིན་པ་མ་ཟད། སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ལོ་རྒྱུས་ཐོག་ཆོས་ལུགས་རིག་གནས་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྤེལ་རེས་མཉམ་འདྲེས་ནི་དར་གོས་འགྲུལ་ལམ་བརྒྱུད་ནས་ལེགས་འགྲུབ་བྱུང་བ་ཡིན་ཞིང་། "རྒྱུད་གཅིག་ལམ་གཅིག"གི་གྲོས་གཞིའི་འོག མི་རིགས་ཁག་དང་ཆོས་ལུགས་ཁག་གིས་ཐུན་མོང་དུ་པེ་ཅིང་འདི་ཉིད་འཆམ་མཐུན་གནས་སྡོད་འོས་པའི་འཛམ་གླིང་ཐོག་གི་རིག་གནས་གྲོང་ཁྱེར་གྲགས་ཅན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུར་གཞོལ་རྒྱུ་ཡིན་ཞེས་བསྟན་པ་རེད།
         ལྟ་སྐོར་བཅར་འདྲི་བྱེད་ཚར་རྗེས། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་རང་ཉིད་རྒྱལ་ཁབ་དང་ཀྲུང་གོའི་བར་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འདུན་བསྟན་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ཀྱིས་དགའ་ལྡན་བྱིན་ཆགས་གླིང་དུ་ལྟ་སྐོར་
བཅར་འདྲི་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།