འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་མར"སཱ་ཏེ"བཀོད་སྒྲིག་བྱེད་སའི་ཉེ་འགྲམ་གྱི་དམངས་ཚོགས་ཀྱིས་འདུ་
    ཚོགས་བྱས་ནས་རྒོལ་གཏམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་མར'སཱ་ཏེ'བཀོད་སྒྲིག་བྱེད་སའི་ཉེ་འགྲམ་གྱི་དམངས་ཚོགས་ཀྱིས་འདུ་
ཚོགས་བྱས་ནས་རྒོལ་གཏམ་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན། ཁོ་རེ་ཡ་ལྷོ་མའི་ཆིང་ཧྲང་བྱང་ལམ་ཤིང་ཀྲོའུ་ཅུན་དང་ཅིང་ཆོན་གྲོང་ཁྱེར་གཉིས་ཀྱི་དམངས་ཚོགས་ཀྱིས་འདུ་ཚོགས་དང་ཁྲོམ་སྐོར་གྱི་བྱེད་སྒོ་སྤེལ་ནས"སཱ་ཏེ"འཕུར་མདའ་འགོག་བྱེད་འཕུར་མདའི་མ་ལག་བཀོད་སྒྲིག་བྱ་རྒྱུར་རྒོལ་གཏམ་བཏང་བ་རེད།
      ཉིན་དེའི་ཕྱི་དྲོར་ཤིང་ཀྲོའུ་ཅུན་ཚའོ་ཐེན་མེན་ཤང་ཧྲའོ་ཁྲེན་ལི་གྲོང་ཚོར་འདུ་ཚོགས་དང་ཁྲོམ་སྐོར་གྱི་བྱེད་སྒོ་སྤེལ་ཞིང་། དམངས་ཚོགས་200ལས་བརྒལ་བ་འདིར་མཉམ་འཛོམས་བྱས་ཏེ"སཱ་ཏེ"བཀོད་སྒྲིག་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བསྟན་པ་རེད། ཧྲའོ་ཁྲེན་ལི་གྲོང་ཚོ་ནི"སཱ་ཏེ"བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་བཀོད་ས་ཤིང་ཀྲོའུ་ཀོར་ཧྥུ་སྤོ་ལོའི་ར་བའི་བར་ལ་རི་གཅིག་གི་བར་ཐག་ཙམ་ལས་མེད་པ་རེད།
         འདུ་ཚོགས་ཐོག་ས་གནས་དེ་གའི་དམངས་ཚོགས་ཀྱི་འཐུས་ཚབ་དང་ཆོས་ལུགས་མི་སྣ་གཅིག་རྗེས་གཉིས་མཐུད་དུ་སྟེགས་བུར་འཛེགས་ནས་གཏམ་བཤད་སྤེལ་ཞིང་། ས་གནས་དེ་གའི་ཆོས་ལུགས་མི་སྣ་ཞིག་གིས་ཞི་བདེ་སྲུང་སྐྱོང་དང་ཚེ་སྲོག་སྲུང་སྐྱོང་བྱེད་པར་དམངས་ཚོགས་རང་ཉིད་ལ་བརྟེན་པ་མ་གཏོགས་ཐབས་གཞན་མེད། ཁོང་ཚོས་གྲོང་མི་ཚོ་དང་མཉམ་དུ་འདི་རུ་བརྟན་སྲུང་བྱས་ནས"སཱ་ཏེ"ཕྱིར་འཐེན་མ་བྱས་བར་དུ་མཐའ་འཁྱོངས་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།
         ཁོ་རེ་ཡ་ལྷོ་མའི་རྒྱལ་ས་སེ་འོལ་གྲོང་ཁྱེར་ནས་ངག་ཐོག་རྒྱབ་སྐྱོར་བྱེད་པར་ཡོང་བའི་ཁོ་རེ་ཡ་ལྷོ་མའི་སྤྱི་པའི་བྱ་གཞག་དང་སྐྱེལ་འདྲེན་བཟོ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཕིའོ་ཧའེ་ཀྲེ་ཡིས"སཱ་ཏེ"བཀོད་སྒྲིག་བྱེད་པ་དེས་ཁྲའོ་ཞན་གྱི་འཇིགས་སྐུལ་འགོག་མི་ཐུབ། འདི་ནི་ཨ་རིས་ཀྲུང་གོ་དང་ཨུ་རུ་སུར་འགྲན་རྒོལ་བྱེད་ཆེད་ཁོ་རེ་ཡ་ལྷོ་མ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རེད། "ད་ལྟ་ཕིའོ་ཅིན་ཧུའེ་སྲིད་སྟེགས་ནས་བབས་ཚར་མོད། འོན་ཀྱང་ཁོའི་སྲིད་ཇུས་ད་དུང་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པས། ང་ཚོས་རྒོལ་གཏམ་གཏོང་མཚམས་འཇོག་མི་རུང་བར་འགོག་རྒོལ་མཐའ་གཅིག་ཏུ་བྱ་དགོས"ཞེས་བཤད་པ་རེད། 
         འདུ་ཚོགས་མཇུག་བསྒྲིལ་རྗེས། ཁྲོམ་སྐོར་རུ་ཁག་ཀོར་ཧྥུ་སྤོ་ལོའི་ར་བའི་ཕྱོགས་སུ་སྤོ་འགུལ་བྱེད་པ་དང་། ལམ་བར་དུ་མི་རྣམས་ཀྱིས་ལག་ཏུ"འགོག་རྒོལ་མཐའ་གཅིག་ཏུ་བྱ་དགོས། ཤི་ཡང་འགྱོད་པ་མི་སྐྱེ"ཞེས་པ་དང་།  "སཱ་ཏེ"ལ་ངོ་རྒོལ། ང་ཚོས་འཚོ་གནས་བྱ་དགོས"ཞེས་པ་སོགས་ཀྱི་སྦྱར་ཡིག་བསྒྲེངས་ཏེ"སཱ་ཏེ"དང་ཨ་རི་ཕར་སོང"ཞེས་པའི་འབོད་ཚིག་འབོད་བཞིན་ཡོད་པ་རེད། རྔམ་སྟོན་བྱེད་མཁན་ཚོ་ཀོར་ཧྥུ་སྤོ་ལོ་ར་བར་སྐྱོད་པའི་ལམ་མདོར་སླེབས་དུས། ཉེན་རྟོག་ཕྱོགས་ཀྱི་འཐེན་པའི་བཀག་སྡོམ་མཚམས་ཐིག་དང་འཕྲད་པས། ཁོང་ཚོས་སྐད་ཆེན་པོས་རྒོལ་གཏམ་བཏང་རྗེས་གྲོལ་བ་དང་། ཕྱོགས་གཉིས་བར་ལ་གདོང་གཏུག་བྱུང་མེད་པ་རེད། 
        ཉིན་དེའི་དགོང་མོར་རྒོལ་གཏམ་གཏོང་མཁན་བརྒྱ་ལྷག་གིས་གནམ་གཤིས་གློ་བུར་དུ་གྲང་དུ་ཕྱིན་པར་མ་འཛེམས་པར་ཅིང་ཆོན་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་ཀྱི་ཐང་ཆེན་དུ་ས་གནས་དེ་གས"སཱ་ཏེ"ལ་ངོ་རྒོལ་ཐེངས་207པ་བྱེད་པའི་ལཱ་འོད་འདུ་ཚོགས་ལ་ཞུགས་པར་བསྐྱོད་ཅིང་། དེའི་ཁྲོད་དུ་རྒན་རྒོན་དང་། སློབ་འབྲིང་སློབ་མ། བུད་མེད་བཅས་ཀྱང་མང་པོ་ཡོད་པ་རེད། ཅིང་ཆོན་གྲོང་ཁྱེར་ལ་མི་གྲངས་ཧ་ལམ་ཁྲི་14ཡོད་པ་དང་། ཤིང་ཀྲོའུ་ཀོར་ཧྥུ་སྤོ་ལོའི་ར་བ་དང་བར་ཐག་སྤྱི་ལེ་7ཙམ་ལས་མེད་ཅིང་། "སཱ་ཏེ"ལ་ངོ་རྒོལ་བྱེད་པའི་སྦྱར་ཡིག་ཁྲོམ་ཆེ་ཆུང་ཚང་མར་ཁེངས་ཡོད་པ་རེད།
    【1】  【2】
    ༄༅།།ཁོ་རེ་ཡ་ལྷོ་མར'སཱ་ཏེ'བཀོད་སྒྲིག་བྱེད་སའི་ཉེ་འགྲམ་གྱི་དམངས་ཚོགས་ཀྱིས་འདུ་
ཚོགས་བྱས་ནས་རྒོལ་གཏམ་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།