འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་བརྒྱུད་ཚོང་ཟོག་ཉོས་ནས་ཚོང་ཟོག་ཕྱིར་སློག་པའི་དུས་བཀག“ཉིན་བདུན”ཐོག་
    མར་ཁ་གསལ་བཟོས་ཤིང་། ཚོང་ཟོག་འབྱོར་བའི་ཉིན་གཉིས་པ་ནས་བརྩི་རྒྱུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན་ནས་བཟུང་དྲ་བརྒྱུད་ཚོང་ཟོག་ཉོ་མཁན་ལ་ད་དུང་འགན་སྲུང་ཞིག་མང་དུ་སོང་བ་སྟེ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་《དྲ་བརྒྱུད་ཚོང་ཟོག་ཉོས་པ་ཉིན་བདུན་ནང་རྒྱུ་མཚན་གང་ཡང་མི་དགོས་པར་ཚོང་ཟོག་ཕྱིར་སློག་ཆོག་པའི་གནས་སྐབས་བྱ་ཐབས་》(གཤམ་དུ་བསྡུས་མིང་ལ་《བྱ་ཐབས་》ཞེས་པར་བསྡུ་རྒྱུ)དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།《བྱ་ཐབས་》ལས་དྲ་བརྒྱུད་ཚོང་ཟོག་འཚོང་མཁན་གྱིས་ཁྲིམས་ལྟར་ཉིན་བདུན་ནང་ཚུན་རྒྱུ་མཚན་གང་ཡང་མི་དགོས་པར་ཚོང་ཟོག་ཕྱིར་སློག་བྱ་རྒྱུའི་འོས་འགན་འཁྲི་སྒྲུབ་བྱ་དགོས་པ་གཏན་འབེབས་བྱས་པ་དང་དུས་མཚུངས་སུ“ཉིན་བདུན་ནང་ཚུན་རྒྱུ་མཚན་གང་ཡང་མི་དགོས་པར་ཚོང་ཟོག་ཕྱིར་སློག་ཆོག་པར”མི་འཚམས་པའི་ནང་དོན་ཡང་ཁ་གསལ་བཟོས་པ་རེད།
         《བྱ་ཐབས་》ཀྱི་གཏན་འབེབས་ལ་གཞིགས་ན། དྲ་བརྒྱུད་ཚོང་ཟོག་འཚོང་མཁན་གྱིས་ཁྲིམས་ལྟར་ཉིན་བདུན་ནང་ཚུན་རྒྱུ་མཚན་གང་ཡང་མི་དགོས་པར་ཚོང་ཟོག་ཕྱིར་སློག་བྱ་རྒྱུའི་འོས་འགན་འཁྲི་སྒྲུབ་བྱ་དགོས་པ་དང་། དྲ་བརྒྱུད་ཉོ་ཚོང་སྟེགས་བུ་འདོན་སྤྲོད་བྱེད་མཁན་གྱིས་སྟེགས་བུའི་དྲ་བརྒྱུད་ཚོང་ཟོག་འཚོང་མཁན་གྱིས་ཉིན་བདུན་ནང་ཚུན་རྒྱུ་མཚན་གང་ཡང་མི་དགོས་པར་ཚོང་ཟོག་ཕྱིར་སློག་བྱ་རྒྱུའི་འོས་འགན་འཁྲི་སྒྲུབ་བྱ་རྒྱུའི་སྣེ་ཁྲིད་དང་ལྟ་སྐུལ་བྱ་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་བྱ་དགོས་པ་མ་ཟད། ལག་རྩལ་ཐོག་གི་འགན་སྲུང་ཡང་མཁོ་འདོན་བྱ་དགོས་པ་རེད།
         《བྱ་ཐབས་》་ཀྱི་ནང་དུ་གཏན་འབེབས་དམིགས་བསལ་བྱས་ནས་ཁ་གསལ་བཟོས་པར། དྲ་བརྒྱུད་ཚོང་ཟོག་འཚོང་མཁན་གྱིས་ཚོང་ཟོག་བྲིན་འཚོང་བྱ་རྒྱུར་ངེས་པར་བརྒྱུད་དགོས་པའི་བྱ་རིམ་ནང་དངོས་སུ་ཁས་ལེན་བྱ་རྒྱུའི་གོ་རིམ་མངོན་གསལ་བཀོད་སྒྲིག་བྱས་ནས་འཛད་སྤྱོད་པར་ཉོ་སྒྲུབ་བྱ་སྤྱོད་ཐེངས་གཅིག་བྱས་པ་དངོས་སུ་ཁས་ལེན་བྱེད་དུ་འཇུག་དགོས། གལ་ཏེ་དངོས་སུ་ཁས་ལེན་བྱས་མེད་ན། དྲ་བརྒྱུད་ཚོང་ཟོག་འཚོང་མཁན་གྱིས་ཉིན་བདུན་ནང་ཚུན་རྒྱུ་མཚན་གང་ཡང་མེད་པར་ཚོང་ཟོག་ཕྱིར་སློག་བྱས་རིགས་ངེས་པར་དུ་དང་ལེན་བྱ་དགོས་པ་དང་དུས་མཚུངས་སུ་ལག་རྩལ་ཐབས་ལམ་མམ་བྱ་ཐབས་གཞན་དག་ལག་བསྟར་བྱས་ནས་ཉིན་བདུན་ནང་ཚུན་རྒྱུ་མཚན་གང་ཡང་མི་དགོས་པར་ཚོང་ཟོག་ཕྱིར་སློབ་བྱེད་པར་མི་འཚམས་པའི་ཚོང་ཟོག་ལ་ཟུར་བཀོད་མཆན་འགྲེལ་གསལ་པོར་བྱ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།