འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཤར་ལྷོ་རྒྱུད་ཀྱི་རྫ་ཡུལ་རྫོང་གི་ནགས་ཚལ་ཞིག་ཏུ་མེ་སྐྱོན་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 16:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན་གྱི་ཆུ་ཚོད་17དང་སྐར་མ་5སྐབས། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ནགས་ཚལ་ཞིག་ཏུ་མེ་སྐྱོན་ཤོར་བ་དང་། ས་གནས་དེ་གས་འཕྲལ་མར་མི་སྣ་སྒྲིག་འཛུགས་བྱས་ཏེ་མེ་སྐྱོན་འབར་ཚུལ་ཚོད་འཛིན་བྱས་པ་རེད།
         མེ་སྐྱོན་ཤོར་རྗེས། རྫ་ཡུལ་རྫོང་གིས་མགྱོགས་མྱུར་ངང་འཕྲལ་བསྟུན་སྔོན་ཇུས་ལག་ལེན་བསྟར་འགོ་ཚུགས་ནས་ནགས་ལས་དང་སྤྱི་བདེ། མེ་འགོག་མེ་གསོད། ནགས་ཚལ་ཉེན་རྟོག  མང་ཚོགས་སོགས་མེ་གསོད་མི་སྣ་200ལྷག་སྒྲིག་འཛུགས་བྱས་ཏེ་མེ་སྐྱོན་འབར་མཚམས་གཅོད་ས་བསྐྲུན་ནས་མེ་སྐྱོན་ཤོར་ཚུལ་ཚོད་འཛིན་བྱས་པ་རེད།
         ཚེས་19ཉིན་གྱི་ཆུ་ཚོད་3གྱི་བར་དུ། མེ་སྐྱོན་སྔར་བཞིན་འབར་བཞིན་ཡོད་མོད། འོན་ཀྱང་དམངས་སྡོད་ཁུལ་དང་ཉེ་སའི་མེ་སྐྱོན་འབར་ཚུལ་ཚོད་འཛིན་བྱས་ཤིང་། མི་སྣ་ཤི་རྨས་བྱུང་ཚུལ་འབྱོར་མེད་པ་རེད།
         མེ་སྐྱོན་ཤོར་བའི་སྙན་ཞུ་འབྱོར་རྗེས། བོད་རང་སྐྱོང་ལྗོངས་དང་། ཉིང་ཁྲི་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་འཕྲལ་མར་འབྲེལ་ཡོད་མི་སྣ་མགྱོགས་མྱུར་རྫ་ཡུལ་དུ་བསྐྱོད་རྒྱུ་བཀོད་སྒྲིག་བྱས་པ་དང་། དུས་མཚུངས་སུ་འཕྲལ་མྱུར་ནགས་ཚལ་དུ་མེ་སྐྱོན་སྔོན་འགོག་བྱ་དགོས་པའི་བརྡ་ཐོ་བཏང་སྟེ་ནགས་ཚལ་མེ་འགོག་མངོན་མེད་རྐྱེན་ངན་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐེངས་གྲངས་མང་དུ་བཏང་བ་རེད།
          རྫ་ཡུལ་རྫོང་ནི་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་ཡོད་ལ། ཤར་ཕྱོགས་ནི་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་མཛོ་སྒང་རྫོང་གཉིས་དང་འབྲེལ་ཞིང་། ཉིང་ཁྲི་གྲོང་ཁྱེར་ཆགས་སའི་བྲག་ཡིབ་གྲོང་རྡལ་དང་བར་ཐག་སྤྱི་ལེ་537ཡོད་པ་དང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་960ཡོད། རྫོང་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་800ལྷག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།