འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་ཚགས་པར་གྱི་པར་ངོས་ཇེ་ཆེར་བཏང་སྟེ་དུས་རབས་ཀྱི་དྲ་སྦྲེལ་དོན་དག་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཙིག་མཐེབ་དལ་བུར་བསྣན། འཆར་ངོས་དལ་བུར་འགྲིལ། སྐད་ཅིག་ཙམ་གྱི་རིང་ལ། མི་དམངས་དྲ་བ་ལོ་ངོ་20འདས།
             1997ལོའི་ཟླ་དང་པོའི་ཚེས་1ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་དྲ་སྦྲེལ་པར་མ་དངོས་སུ་རྒྱལ་སྤྱིའི་འབྲེལ་མཐུད་དྲ་སྦྲེལ་གྲས་སུ་ཞུགས་ཏེ་ཀློག་པ་ཚོར་ཁ་གཏད་པ་ནས་དྲ་གྲོགས་ཚོར་ཞབས་ཞུ་བསྒྲུབ་པས། ཏང་གི་སྨྱན་སྦྱོར་འབྲེལ་མཐུད་དྲ་ཐོག་ཏུ་སྦྲེལ་བའི་འཐབ་ལམ་གྱི་སྒོ་འབྱེད་འགོ་བརྩམས་པ་རེད།
             2017ལོའི་ཟླ་དང་པོའི་ཚེས་1ཉིན། མི་དམངས་དྲ་བས་གྲོས་འགོ་བཏོན་པའི"ཐོག་མའི་བསམ་འདུན་མི་བརྗེད་པར། མ་འོངས་པའི་ཕྱོགས་སུ་བསྐྱོད་པ"ཞེས་པའི་གནམ་ལོ་གསར་པ་བསུ་བའི་རྐང་ཐང་མའི་བྱེད་སྒོའི་ནང་། ཞིང་ཆེན་25ཡི་གྲོང་ཁྱེར་45ནས་ཕེབས་པའི་མང་ཚོགས་ཁྲི་10ལྷག་ཙམ་གྱིས་ལག་གདང་སྦྲེལ་ཏེ་གནམ་ལོ་གསར་ཚེས་བསུ། འབྲེལ་ཡོད་མཉམ་འདྲེས་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། རྒྱལ་ཁབ་ཕྱི་ནང་དུ་ལྟ་མཁན་མི་གྲངས་བསྡོམས་འབོར་དུང་ཕྱུར་1ལས་བརྒལ་ཡོད་པ་རེད།
             ད་སྐབས། མི་དམངས་དྲ་བས་སྒྲོག་སྤེལ་བྱས་མི་ཐེངས་གྲངས་དུང་ཕྱུར་1.3ལས་བརྒལ་ཡོད་ལ། དྲ་དམངས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་210ལྷག་ལ་ཁྱབ་ཡོད། དེའི་ནང་ལག་ཁྱེར་ཁ་པར་ཐོག་ནས་མི་དམངས་དྲ་བ་ལ་ཟླ་རེར་རང་ཚུགས་ཀྱིས་འཚམས་འདྲི་གནང་མཁན་མི་གྲངས་དུང་ཕྱུར་5.76ལས་བརྒལ་ཡོད་པ་རེད།
              མི་དམངས་ཉིན་རེའི་ཚགས་པར་ནས་ཡོང་ལ། སྒྱུར་བཅོས་ཀྱི་དུས་རབས་ཁྲོད་དུ་འཚར་ལོངས་བྱུང་ཞིང་། གསར་གཏོད་ཀྱི་རླབས་རྒྱུན་ཁྲོད་དུ་འགྱིང་ངེར་ལངས། མི་དམངས་ཉིན་རེའི་ཚགས་པར་ཁང་གི་འགན་འཛིན་དབྱང་ཀྲེན་ཝུའུ་ཡིས"མི་དམངས་དྲ་བ་འདི་གསར་སྐྱེས་ཀྱི་ཁྱེའུ་ཞིག་ནས་སྟོབས་ཅན་གྱི་ན་གཞོན་ཞིག་ཏུ་གྱུར་ཏེ་འགྱུར་ཁུག་གཙོ་བོའི་སྤྱན་སྦིར་(明星)དང་དྲང་ནུས་ཀྱི་དྲ་དམངས་གྲགས་ཅན་ཞིག་ཏུ་གྱུར་ཡོད། འདི་ཉིད་འཚར་ལོངས་བྱུང་བའི་དབང་གིས་ཏང་གི་ཚགས་པར་གྱི་པར་མའི་ཁྱབ་རྒྱ་ཇེ་ཆེར་བཏང་ཡོད་ལ། སྐད་སྒྲ་གཙོ་བོའང་ཇེ་ཆེར་བཏང་བ་དང་དྲ་སྦྲེལ་སྐྱེ་ཁམས་འགྱུར་ལྡོག་བཏང་བ་རེད"ཅེས་གསུངས་པ་བཞིན་ནོ།།
      

    ཕྱོགས་བསྡུས་གསར་འགྱུར།