འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།《བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་》ཞེས་པ་སོགས་བོད་རིག་པའི་རྩོམ་དེབ་གྲགས་
    ཅན་འོས་སྦྱོར་ཁྱབ་རྒྱ་ཆེན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་30ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་29ཉིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་དབུ་བརྙེས་ནས་ལོ་ངོ་30འཁོར་བ་ཁྱབ་བསྒྲགས་ཚོགས་འདུའི་ཐོག་《བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་》ཞེས་པ་དང་།  《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་》ཞེས་པ། 《དྲན་ཤེས་དམར་པོ།——དམར་དམག་རྒྱང་སྐྱོད་བོད་ཁུལ་དུ་བརྒྱུད་པ་དང་དེང་རབས་ཀྱི་བློ་སྒོ་འབྱེད་པ་》ཞེས་པ་སོགས་བོད་རིག་པའི་རྩོམ་དེབ་གྲགས་ཅན་གལ་ཆེན་3འོས་སྦྱོར་ཁྱབ་རྒྱ་ཆེན་པོ་བྱས་པ་རེད། 
        འོས་སྦྱོར་བྱས་པ་ལྟར་ན། བམ་པོ་8ཀྱི་དེབ་13དང་། ཡིག་འབྲུ་ཁྲི་850ཡོད་པའི་རྩོམ་དེབ་ཆེན་པོ་གྲགས་ཅན་《བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་》ཞེས་པ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱེད་འགན་བླངས་པའི་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་གཞི་གཙོ་གནད་ཆེ་བ་ཞིག་ཡིན་པ་དང་། ད་ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ཞིབ་འཇུག་དང་རྩོམ་སྒྲིག་བྱེད་འགན་ལེགས་འགྲུབ་བྱས་གྲུབ་ཅིང་། འདི་ནི་ཆ་ཚང་བ་དང་། ཀུན་འདུས་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་བོད་ས་གནས་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་འོས་སྦྱོར་བྱས་པའི་རྩོམ་དེབ་གྲགས་ཅན་ཞིག་རེད། 《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་》 ཞེས་པ་ནི་བོད་ཀྱི་གསོ་བ་རིག་པའི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་ནས་ལེགས་འདེམས་བྱས་པའི་ཞིབ་འཇུག་གི་རིན་ཐང་ཆེས་ཆེ་ལྡན་པ་དང་། ཡིག་དེབ་ཆ་ཚང་བ། ནང་དོན་ཆ་ཚང་བ་བཅས་ཀྱི་གསེར་བྲིས་མ་དང་། ལག་བྲིས་མ། དཔར་མ་རྩ་ཆེ་བ་བཅས་ཁྱོན་130ཡོད་ཅིང་། དེའི་ཁྲོད་དུ་ཕོ་བྲང་དང་དགོན་པ་རུ་གཅེས་ཉར་བྱས་པའི་རིན་ཐང་བྲལ་བའི་དཔེ་དེབ་ཡོད་ལ། ད་དུང་དམངས་ཁྲོད་དུ་ཐར་ཐོར་དུ་གནས་པའི་དཔེ་དེབ་ཆིག་རྐྱང་དང་གནའ་དཔེ་རྩ་ཆེན་ཡང་ཡོད་པ་མ་ཟད། རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་པའི་གནའ་དཔེ་རྩ་ཆེན་དེ་བས་ཀྱང་ཡོད་ཅིང་། ཧ་ཅང་མང་པོ་ཞིག་ནི་དཔེ་སྐྲུན་ཐེངས་དང་པོ་བྱས་པ་རེད། 《དྲན་ཤེས་དམར་པོ།——དམར་དམག་རྒྱང་སྐྱོད་བོད་ཁུལ་དུ་བརྒྱུད་པ་དང་དེང་རབས་ཀྱི་བློ་སྒོ་འབྱེད་པ་》ཞེས་པའི་དེབ་འདིས་དམར་དམག་བོད་ཁུལ་དུ་བརྒྱུད་པའི་ལོ་རྒྱུས་ངོ་སྤྲོད་བྱས་པའི་རྨང་གཞི་ཐོག་རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་དཔྱད་ཡིག་དང་པར་རིས་བཀོད་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་དེང་རབས་ཀྱི་བློ་སྒོ་འབྱེད་པ་གཙོ་གནད་དུ་བཟུང་སྟེ་རྒྱས་བཤད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རིམ་པའི་བོད་རིག་པ་དཔེ་སྐྲུན་ལས་ཁུངས་འབའ་ཞིག་ཡིན་པའི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ལོ་ངོ་30རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་བོད་རྒྱ་དབྱིན་གསུམ་ཡིག་རིགས་ཀྱི་དཔེ་དེབ་རིགས་1200ལྷག་དང་། དེབ་གྲངས་ཁྲི་300ལྷག་དཔེ་སྐྲུན་བྱས་པས། རྒྱལ་ཁབ་ཕྱི་ནང་དུ་བག་ཆགས་ཆེས་ཆེ་ལྡན་པའི་བོད་འབྲེལ་ཆེད་ལས་རིག་གཞུང་དཔེ་སྐྲུན་ལས་ཁུངས་ཤིག་ཏུ་གྱུར་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།