འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རླངས་འཁོར་སྐྱོན་ཅན་ཚུར་བསྡུ་བྱེད་ཚད་ཁྲི་1000ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་30ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་26ཉིན། གསར་འགོད་པར་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2016ལོའི་ཟླ་12ཚེས་25ཉིན་བར། རང་རྒྱལ་གྱིས་རིམ་རྩིས་བྱས་ན་སྐྱོན་ཅན་རླངས་འཁོར་ཁྱོན་ཐེངས་1295ཚུར་བསྡུ་བྱས་པའི་ནང་འབྲེལ་ཡོད་རླངས་འཁོར་ཁྲི་3688ཟིན་པ་དང་། དུས་མཚུངས་ལས103%འཕར་ཞིང་། རླངས་འཁོར་ཁྲི་1000ལས་ཐེངས་དང་པོར་བརྒལ་ནས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་པ་རེད། རྒྱལ་ཡོངས་ཀྱི་རླངས་འཁོར་ཐོན་སྐྱེད་ཁེ་ལས་ཁག་གིས་རླངས་འཁོར་གྱི་སྐྱོན་སེལ་ཆེད་ཚུར་བསྡུ་བྱེད་སྒོར་བཏང་བའི་ཐད་ཀའི་དཔལ་འབྱོར་མ་གནས་སྒོར་དུང་ཕྱུར་210ལས་བརྒལ་ནས་རྒྱ་ཆེའི་འཛད་སྤྱོད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་དག་ཅིག་བསལ་བ་དང་། དུས་མཚུངས་སུ་འཛད་སྤྱོད་པར་སྒོར་དུང་ཕྱུར་210ལྷག་ཙམ་གྱི་དཔལ་འབྱོར་གྱོང་གུན་ཕོག་རྒྱུ་སྔོན་འགོག་བྱས་པ་དང་མཚུངས་ཡོད་པ། གོང་གསལ་བྱ་ཐབས་སྤྱད་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།